འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་25ཉིན།

༄༅།།བོད་ཀྱི་འབྲོག་པ་བོད་བྱང་ཐང་ནས་བོད་ལྷོའི་ཞིང་ཁུལ་དུ་གནས་སྤོས་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་25ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ཀྱི་འབྲོག་པ་བོད་བྱང་ཐང་ནས་བོད་ལྷོའི་ཞིང་ཁུལ་དུ་གནས་སྤོས་བྱས་པ།
     མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ནག་ཆུ་གྲོང་ཁྱེར་མཚེའུ་གཉིས་རྫོང་དཀར་མཚོ་ཤང་དང་། མཚོ་སྦྲེལ་བྱང་མ་གྲོང་ཚོ། ཡག་ཆུ་ཤང་བཅས་ཀྱི་ཁྱོན་མི་2900ཡིས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5000ཡོད་པའི་ཕ་ཡུལ་ནས་ཁ་བྲལ་ཏེ་བར་ཐག་སྤྱི་ལེ་སྟོང་ལྷག་ཡོད་པའི་རྒྱ་མཚོའི་ངོས་ལས་མཐོ་ཚད་ལྟོས་བཅས་ཀྱིས་དམའ་བའི་བོད་ལྷོའི་ཡར་ཀླུང་གཙང་པོའི་འགྲམ་ངོགས་ཀྱི་གོང་དཀར་རྫོང་ནང་ཁོངས་སུ་གནས་སྤོས་བྱས་པ་རེད། འདི་ནི་བོད་རང་སྐྱོང་ལྗོངས་ཀྱིས་ཉེ་ཆར་ལག་བསྟར་བྱས་པའི་རྒྱ་མཚོའི་ངོས་ལས་ས་བབས་ཆེས་མཐོ་བའི་སྣོ་བཅུད་གནས་སྤོས་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པ་དང་། མཚེའུ་གཉིས་རྫོང་གི་ཤང་གསུམ་ཁྱོན་ཡོངས་གནས་སྤོ་བྱེད་པ་ནི་དེའི་ཁྲོད་ཀྱི་མི་འབོར་ཆེས་མང་བ་དང་། བར་ཐག་ཆེས་རིང་བའི་གནས་སྤོ་ཐེངས་ཤིག་ཡིན་པ་རེད། འདི་ནི་ཟླ་12ཚེས་23ཉིན་པར་བླངས་པའི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་མཚེའུ་གཉིས་རྫོང་གི་འབྲོག་པའི་གནས་སྤོས་རླངས་འཁོར་རུ་ཁག་ཡིན་པ།
【1】  【2】  【3】  【4】  【5】
༄༅།།བོད་ཀྱི་འབྲོག་པ་བོད་བྱང་ཐང་ནས་བོད་ལྷོའི་ཞིང་ཁུལ་དུ་གནས་སྤོས་བྱས་པ།