འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་24ཉིན།

༄༅༎སུན་ཞའོ་གོ་ལ་སྲོག་ཁྲིམས་བཅད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་24ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་བཅད་ཁྲ་ཁྱབ་བསྒྲགས་ཀྱི་བྱ་ཡུལ་ཡིན།
འདི་ནི་བཅད་ཁྲ་ཁྱབ་བསྒྲགས་ཀྱི་བྱ་ཡུལ་ཡིན།
     མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་23ཉིན། ཡུན་ནན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་སུན་ཞའོ་གོ་ཡིས་1997ལོར་བུད་མེད་ལ་བཙན་གཡེམ་གྱི་ཉེས་པ་དང་། བཙན་ཤེད་ཀྱིས་བུད་མེད་ལ་བརྙས་བཅོས་བྱས་པའི་ཉེས་པ། རྐང་བཙུགས་ནས་རྨས་སྐྱོན་བཏང་བའི་ཉེས་པ། བསྙད་རྐོ་ཟིང་སློང་གི་ཉེས་པ་བཅས་བསགས་པའི་བསྐྱར་ཞིབ་གྱོད་གཞིར་ཁྲིམས་ལྟར་ཡོངས་བསྒྲགས་ངང་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་རེད། བཅད་ཁྲ་ཡིས་ཁྲིམས་ཁང་དེས་2007ལོའི་ཟླ་9པར་བཟོས་བའི་ཐོག་མའི་བསྐྱར་ཞིབ་ཀྱི་བཅད་ཁྲ་དང་། 1999ལོའི་ཟླ་3པར་བཟོ་བའི་འདྲི་གཅོད་གཉིས་པའི་བཅད་ཁྲས་སུན་ཞའོ་གོའི་བྱས་ཉེས་གཏན་ཁེལ་དང་ཉེས་ཆད་ཚད་འབེབས་ལ་དངོས་གནས་ནོར་འཁྲུལ་ཡོད་པར་ངོས་འཛིན་བྱས་ནས། ཁྲིམས་ལྟར་ཕྱིར་འཐེན་བྱས་ཏེ། 1998ལོའི་ཟླ་2པར་ཁུན་མིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་ཐོག་སུན་ཞའོ་གོར་སྲོག་ཁྲིམས་བཅད་པའི་བཅད་ཁྲ་སྲུང་འཛིན་བྱས་པ་དང་འབྲེལ། བཙོན་ཁང་ནས་ཕྱིར་ཐོན་རྗེས་ནག་ཚོགས་ངོ་བོའི་རྩ་འཛུགས་སྒྲིག་འཛུགས་དང་འགོ་ཁྲིད་བྱས་པ་སོགས་ཀྱི་ཉེས་པ་དེར་དུས་བཙོན་ལོ་ཉེར་ལྔའི་མཐའ་མའི་འདྲི་གཅོད་ཀྱི་ཁྲིམས་ཐག་བཅད་པ་དང་ཟླ་སྒྲིལ་བཏང་ནས་སུན་ཞའོ་གོ་ལ་སྲོག་ཁྲིམས་ལག་ལེན་བསྟར་ནས་ཚེ་གང་ཆབ་སྲིད་ཀྱི་དབང་ཆ་འཕྲོག་རྒྱུ་དང་འབྲེལ་མི་སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་བཞེས་གཏོང་རྒྱུའི་གཏན་འབེབས་བྱས་པ་རེད།
འདི་ནི་བཅད་ཁྲ་ཁྱབ་བསྒྲགས་ཀྱི་བྱ་ཡུལ་ཡིན།
འདི་ནི་བཅད་ཁྲ་ཁྱབ་བསྒྲགས་ཀྱི་བྱ་ཡུལ་ཡིན།