འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་23ཉིན།

༄༅།།བོད་ལྗོངས་ཀྱི་2019ལོ་འཁོར་གྱི་“ཁྲིམས་སྐྱོང་མི་སྣ་ཆེན་པོ་བཅུ”ཐོན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་23ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་ཀྱི་2019ལོ་འཁོར་གྱི་“ཁྲིམས་སྐྱོང་མི་སྣ་ཆེན་པོ་བཅུ”ཐོན་པ།
     མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་20ཉིན། “ངས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ལ་ཁོང་ཕྱི་ཕྱོགས་སུ་ལས་དོན་བསྒྲུབ་པར་སོང་བ་རེད། སྔ་ཕྱི་མ་གཏོགས་ངའི་སར་ལོག་ཡོང་གི་རེད་"ཅེས་ཤོད་ཀྱི་ཡོད། ལྷ་སར་སྤེལ་བའི་བོད་རང་སྐྱོང་ལྗོངས་ཀྱི་2019ལོ་འཁོར་གྱི་“ཁྲིམས་སྐྱོང་མི་སྣ་ཆེན་པོ་བཅུ”ལ་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག  མངའ་རིས་ས་ཁུལ་ཏུ་རང་སྲོག་བློས་བཏང་བའི་སྒར་རྫོང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གི་འགན་བཞེས་མཁན་ལྷག་པ་ཚེ་རིང་ནི་མཛད་སྒོར་ཕེབས་ཐུབ་མེད་པའི་བྱ་དགའ་ཐོབ་མཁན་མི་སྣ་གཅིག་པུ་དེ་ཡིན་པ་དང་། ཆུང་མ་པད་མ་སྒྲོལ་དཀར་གྱིས་སྟེགས་བུའི་ཐོག་ས་གནས་དངོས་སུ་ཡོད་པའི་ལྟད་མོ་བར་ཁ་ཕྱོགས་ནས་སེམས་སྡུག་ཆེན་པོས་དེ་ལྟར་བཤད།
    ད་ལོའི་ཟླ་7ཚེས་11ཉིན། ལྷག་པ་ཚེ་རིང་ལ་ནད་གཞི་ཚབས་ཆེན་ཞིག་ཕོག་ནས་ཁོང་གིས་ལོ་23བརྟན་སྲུང་བྱས་པའི་ལས་གནས་ནས་ནམ་ཡང་ཁ་བྲལ་བ་དང་། བུའི་མཐོ་རྒྱུགས་ཀྱི་གདམ་གའི་སྐོར་འདྲི་ཁོམ་བྱུང་མེད་ལ། དུས་དང་རྣམ་པ་ཀུན་ཏུ་སྐད་གྲགས་མེད་པར་རང་ཉིད་ལ་རྒྱབ་སྐྱོར་བྱེད་མཁན་ཆུང་མར་དགོངས་དག་ཞེས་ཞུ་ཐུབ་མེད་པ་རེད། “ཁྲག་དང་ཚེ་སྲོག་གིས་མི་དམངས་ཉེན་རྟོག་པའི་བླ་ན་མེད་པའི་འགན་འཁྲིར་འགྲེལ་བཤད་བརྒྱབ་ཡོད་ལ། མི་ཚེ་ཧྲིལ་པོ་བློས་གཏོང་བྱས་ནས་ཁྲིམས་སྐྱོང་སྟོབས་ཤུགས་ལ་འགྲེལ་བཤད་བརྒྱབ་ཡོད”ཅེས་གཙོ་སྐྱོང་བས་བྱ་དགའ་སྤྲོད་པའི་ཚིག་འདི་དག་ཤོད་སྐབས། མི་མང་པོ་ཞིག་མིག་ཆུ་དབང་མེད་དུ་ཤོར་ཡོད་པ་རེད།  
    ཐོག་མའི་དཔྱད་འདེམས་དང་། དྲ་ཐོག་ཏུ་འདེམས་ཤོག་འཕེན་པ། དཔྱད་འདེམས་ཨུ་ཡོན་ལྷན་ཁང་གིས་མཐའ་མའི་དཔྱད་བསྡུར་བྱེད་པ་བཅས་གོ་རིམ་གསུམ་བརྒྱུད་དེ། ཚེས་20ཉིན་གྱི་དགོང་མོའི་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་ད་དུང་ལྷག་པ་ཚེ་རིང་དང་འདྲ་བའི་མི་སེམས་འགུལ་བའི་མི་སྣ་9འདེམས་ཐོན་བྱུང་ཡོད་ཅིང་། ཁོང་ཚོ་ནི་ལྷ་ས་དང་། གཞིས་རྩེ། ནག་ཆུ། ཉིང་ཁྲི་སོགས་བོད་ལྗོངས་ཀྱི་ས་གནས་དང་གྲོང་ཁྱེར་ཁག་ནས་ཡོང་བ་ཞིག་ཡིན་ཞིང་། དེའི་ཁྲོད་ཁྲིམས་རྩོད་པ་དང་།  ཁྲིམས་དཔོན། བཙོན་ཁང་གི་ཉེན་རྟོག་པ་ཡོད་ལ། མི་དམངས་ཀྱི་འདུམ་འགྲིག་པ་དང་ཞིང་འབྲོག་མང་ཚོགས་དཀྱུས་མའང་ཡོད།
   ཤེས་རྟོགས་བྱུང་བར་གཞིགས་ན། དཔྱད་འདེམས་བྱེད་སྒོ་འདི་ནི་“ཁྲིམས་སྐྱོང་གི་སྙིང་སྟོབས་དར་སྤེལ་དང་། ཁྲིམས་སྐྱོང་གི་བོད་ལྗོངས་མཉམ་སྐྲུན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས། ལས་རིགས་ཁག་དང་ཁྱབ་ཁོངས་ཁག་ལ་ཁ་ཕྱོགས་པ་ཞིག་ཡིན་ལ་བོད་ལྗོངས་ཀྱི་"ཁྲིམས་སྐྱོང་མི་སྣ་ཆེན་པོ་བཅུ་"དཔྱད་འདེམས་བྱས་ནས་བྱ་དགའ་སྤྲོད་ཐེངས་ཐོག་མ་དེའང་ཡིན་པ་རེད།
【1】  【2】
༄༅།།བོད་ལྗོངས་ཀྱི་2019ལོ་འཁོར་གྱི་“ཁྲིམས་སྐྱོང་མི་སྣ་ཆེན་པོ་བཅུ”ཐོན་པ།