འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་23ཉིན།

༄༅།།ནང་ཆེན་གྱི་ཞིང་ལས་ཐོན་རྫས་པེ་ཅིང་དུ་འགྲེམས་ཚོང་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་23ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ནང་ཆེན་གྱི་ཞིང་ལས་ཐོན་རྫས་པེ་ཅིང་དུ་འགྲེམས་ཚོང་བྱས་པ།
    མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་19ཉིན། ཚགས་ཤ་དང་ནས་ནག་ཝུ་ཆང་། བལ་ལྷམ། བོད་སྤོས་སོགས་ས་ཆའི་ཁྱད་ཆོས་ལྡན་པའི་ཞིང་ཞོར་ཐོན་རྫས་སྐོར་ཞིག་“རྒྱལ་ཡོངས་ཀྱི་སྤུས་ལེགས་ཞིང་ལས་ཐོན་རྫས་འགྲེམས་ཚོང་གཟའ་འཁོར་སྐབས་བཅུ་གཅིག་པ”རྒྱལ་ཡོངས་ཞིང་ལས་འགྲེམས་སྟོན་ཁང་དུ་སྤེལ་བའི་སྟེང་ཐོན་ཡོད། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་ཚོ་ཐིང་གིས་མཉམ་འབྲེལ་བྱས་ནས་“མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་གྱི་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་(པེ་ཅིང་)འོས་སྦྱོར་ཚོང་འགྲེམས་ཚོགས་འདུ་”དང་དུས་མཉམ་དུ་སྤེལ་བ་རེད། པེ་ཅིང་ནུབ་ཁུལ་གྱི་ཆ་སྒྲིག་རོགས་སྐྱོར་བྱ་ཡུལ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་གི་ཁྱད་ཆོས་ལྡན་པའི་ཞིང་ཞོར་ཐོན་རྫས་དང་མངོན་མིན་རིག་གནས་ཐོན་རྫས་གཅིག་འདུས་ཀྱིས་འགྲེམས་སྟོན་བྱས་ཡོད། 
    གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་རང་སྐྱོང་ཁུལ་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ཞོར་ཐོན་རྫས(པེ་ཅིང་)འོས་སྦྱོར་ཚོང་འགྲེམས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། ཐེངས་འདིར་པེ་ཅིང་དུ་ཁྱེར་བའི་ནང་ཆེན་རྫོང་གི་ཞིང་ཞོར་ཐོན་རྫས་དང་ལག་ཤེས་བཟོ་རྩལ་ཐོན་རྫས་ནང་ས་གནས་དེ་གའི་མཉམ་ལས་ཁང་ནས་ཁྱེར་པའི་ཐོན་རྫས་ཏེ། དཔེར་ན་ཚགས་ཤ་དང་། ནས་ནག ཇ་སྲུབས་མ། བོད་སྤོས་སོགས་ཡོད་ཅིང་། “ཞིང་ལས་ཐོན་རྫས་ཚོང་འགྲེམས་གཟའ་འཁོར་”སྤྱི་སྟེགས་འདི་ལ་བརྟེན་ནས། ནང་ཆེན་རྫོང་གི་ཁྱད་ཆོས་ལྡན་པའི་ཐོན་རྫས་མཚམས་སྦྱོར་བྱེད་པ་དང་དུས་མཉམ་དུ། པེ་ཅིང་གྲོང་མིར་ནང་ཆེན་གྱི་ལོ་རྒྱུས་རིག་གནས་ཤེས་རྟོགས་བཅུག་པ་རེད། 
【1】  【2】
༄༅།།ནང་ཆེན་གྱི་ཞིང་ལས་ཐོན་རྫས་པེ་ཅིང་དུ་འགྲེམས་ཚོང་བྱས་པ།