འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་19ཉིན།

༄༅།།ཏུན་ཧོང་གི་ལྕགས་ལམ་ལམ་ཐིག་ཡོངས་ཤར་གཏོང་ཐུབ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་19ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཏུན་ཧོང་གི་ལྕགས་ལམ་ལམ་ཐིག་ཡོངས་ཤར་གཏོང་ཐུབ་པ།
    མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་18ཉིན། རང་རྒྱལ་ནུབ་རྒྱུད་ཀྱི་ཏུན་ཧོང་གི་ལྕགས་ལམ་ལམ་ཐིག་ཡོངས་སུ་སྐྱེལ་འདྲེན་ཤར་གཏོང་ཐུབ་པ་དང་། “ངར་ལྕགས་གྱི་ལམ་བུ་”འདི་ནི་རྨ་ནུབ་བར་ཁྱམས་ནས་མདོ་ལ་རི་བོ་བརྒྱུད་"ཅུད་པའོ་ཕན་”ཚྭ་འདམ་གཤོང་ས་དང་ཤིན་ཅང་བར་སྦྲེལ་ཡོད་ཅིང་། ནུབ་བྱང་ས་ཁུལ་དུ་གོར་མོའི་དབྱིབས་ཀྱི་ལྕགས་ལམ་དྲ་བ་ཐོག་མ་སྒྲུབ་ཡོད་པ་མ་ཟད། ད་དུང་ཀན་སུའུ་དང་། མཚོ་སྔོན། ཤིན་ཅང་། བོད་ལྗོངས་བཅས་ཞིང་ཆེན་དང་ལྗོངས་བཞིའི་ལམ་གྱི་དྲ་བའི་སྟོང་ཆ་གསབ་པ་དང་། ནུབ་རྒྱུད་འཕེལ་རྒྱས་ཀྱི་བདེ་སྐྱིད་“མགྱོགས་ལམ”དུ་གྱུར་རྒྱུར་ཕན་པ་སྐྲུན་ཡོད།
    ཤེས་རྟོགས་བྱུང་བར་གཞིགས་ན། ཏུན་ཧོང་ལྕགས་ལམ་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་ཀན་སུའུ་ཞིང་ཆེན་ཅུའུ་ཆོན་གྲོང་ཁྱེར་ནང་ཁོངས་སུ་ཆགས་ཡོད་ཅིང་། བྱང་ལན་ཤིན་ལྕགས་ལམ་གྱི་ལུའུ་ཀུའུ་ས་ཚུགས་ནས་འགོ་བརྩམས་ཏེ། ཏུན་ཧོང་དང་། ཨ་ཁེ་སད། སུའུ་བྱང་བརྒྱུད་མདོ་ལ་རི་བོ་བརྒལ་ཏེ་མཚོ་སྔོན་ཞིང་ཆེན་དུ་སླེབས་པ་དང་། ལམ་ཐིག་ཡོངས་ལ་སྤྱི་ལེ་671ཡོད། ཏུན་ཧོང་ལྕགས་ལམ་ནི་རྒྱལ་ཁབ་ཀྱི་ལྕགས་ལམ་རིམ་པ་Iགི་གློག་ཤུགས་ཅན་གྱི་འཁོར་ལམ་རྐྱང་མའི་ལྕགས་ལམ་ཡིན་ཞིང་། ལམ་གྱི་ཇུས་འགོད་མྱུར་ཚད་ནི་ཆུ་ཚོད་རེར་སྤྱི་ལེ་120ཡིན་པ་དང་། ཏུན་4000འཐེན་ཐུབ།  དུས་ཡུན་རིང་བའི་སྐྱེལ་འདྲེན་ནུས་པ་ལོར་ཏུན་ཁྲི་3600ཟིན་ཐུབ་རྒྱུ་ཡིན་པ་རེད།
   ཏུན་ཧོང་ལྕགས་ལམ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱས་རྗེས། མཚོ་བོད་ལྕགས་ལམ་དང་ལན་ཤིན་ལྕགས་ལམ་ལམ་ཐིག་ཆེན་པོ་གཉིས་ཀྱི་འབྲེལ་མཐུད་ལམ་ཐིག་གཙོ་བོར་གྱུར་རྒྱུ་རེད། ལན་མཚོ་ལྕགས་ལམ་དང་། ལན་ཤིན་ལྕགས་ལམ། མཚོ་བོད་ལྕགས་ལམ་བཅས་གཅིག་ལ་གཅིག་སྦྲེལ་གྱིས་རང་རྒྱལ་ནུབ་རྒྱུད་ས་ཁུལ་གྱི་གོར་དབྱིབས་ལྕགས་ལམ་དྲ་བ་ཐོག་མར་གྱུར་ཞིང་། གོར་ཁུའུ་ལྕགས་ལམ་སྣོལ་བས་ནུབ་བྱང་ནས་ཡ་གླིང་དབུས་མར་འགྲོ་བའི་རྒྱལ་སྤྱིའི་ལམ་ཆེན་ཨང་གཉིས་པ་དེར་གྱུར་ཡོད་པ་རེད། ཤིན་ཅང་དང་། ཀན་སུའུ། མཚོ་སྔོན། བོད་ལྗོངས་བཅས་ཞིང་ལྗོངས་བཞི་སྦྲེལ་ནས། ཁུལ་དེའི་ལམ་གྱི་དྲ་བའི་སྟོང་ཆ་ཁ་གསབ་བྱས་ཡོད་པ་རེད། དེ་དང་དུས་མཚུངས། ལྕགས་ལམ་དེས་གོར་མོ་དང་། ཏུན་ཧོང་ཁུལ་ཁོངས་ནང་གི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དང་གཏེར་ཁའི་ཐོན་ཁུངས་“ཕྲེང་བ་བརྒྱུད་པ་ལྟར”ཡོང་བ་བྱས་ནས་ནུས་ཤུགས་ཆེན་པོས་ས་ཁུལ་དང་ཡང་ན་རང་རྒྱལ་ནུབ་རྒྱུད་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་ཐུབ་རྒྱུ་རེད།
【1】  【2】  【3】  【4】  【5】
༄༅།།ཏུན་ཧོང་གི་ལྕགས་ལམ་ལམ་ཐིག་ཡོངས་ཤར་གཏོང་ཐུབ་པ།