མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་སྔོན་ཐོན་
མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་18ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་སྔོན་ཐོན་
མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིར་མཇལ་འཕྲད་གནང་བ།

    ཟླ་12ཚེས་16ཉིན་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིར་མཇལ་འཕྲད་གནང་བ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་རྒྱལ་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་གཟེངས་བསྟོད་ཐོབ་པའི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ནས་ཁོང་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་གནང་བ་དང་། ཁོང་རྣམ་པར་གཟི་བརྗིད་ལྡན་པའི་ལོ་རྒྱུས་གཅེས་འཛིན་དང་། ཆབ་སྲིད་ཀྱི་རང་གཤིས་ནམ་ཡང་མ་ཉམས་པར་མུ་མཐུད་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཕྱིར་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས་པའི་ཐུགས་རེ་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་མཇལ་འཕྲད་ལ་ཞུགས་པ་རེད།
    སྔ་དྲོའི་ཆུ་ཚོད་བཅུ་པར་ཞི་ཅིན་ཕིང་དང་བཅས་པ་མི་དམངས་ཚོཌ་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་ཕེབས་པ་དང་ཚོཌ་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས། ཞི་ཅིན་ཕིང་དང་བཅས་པས་འཐུས་མི་ཚོ་དང་བྱམས་བརྩེའི་ཕྱག་གཏོང་རེས་དང་བཀའ་མོལ་གནང་བ་དང་སྦྲགས། ཚང་མ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཤིས་མཇལ་འཕྲད་ལ་ཕེབས་པ་དང་འབྲེལ། གཟེངས་བསྟོད་ཚོགས་ཆེན་ཐོག་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་གསུངས་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིབ་ཟབ་བྱེད་པ་དང་། ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། བློ་མཐུན་རྒན་གྲས་ཀྱིས་ལོ་རྒྱུས་ཐོག་བཞག་པའི་བྱས་རྗེས་བློ་ལ་བརྟན་པོར་ངེས་པ། བློ་མཐུན་རྒན་གྲས་ཀྱི་བླ་ན་མེད་པའི་སྙིང་སྟོབས་རྒྱུན་འཛིན་ཤུགས་ཆེན་བྱེད་པ། ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་བྱས་རྗེས་སློབ་སྦྱོང་བཅས་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་རང་འཁྲིའི་ལས་འགན་ལ་གཞི་ཚུགས་པ་དང་བྱས་རྗེས་འཇོག་རྒྱུར་ལྕག་སྐུལ་བྱེད་དགོས།
    ཚོགས་ཆེན་ཐོག་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་སྔོན་ཐོན་མཉམ་སྡེབ་150དང་སྔོན་ཐོན་མི་སྒེར་450ལ་གཟེངས་བསྟོད་བྱས་ཤིང་། ཧྲང་ཧའེ་གྲོང་ཁྱེར་ཕུའུ་ཏུང་ཁུལ་གསར་ཧྲང་ཀང་གྲོང་གསར་ཁྲོམ་གཞུང་གི“འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞིའི་ཏང་ཀྲི་པུའི་ཧྲུའུ་ཅི་ཁྲེན་ཧྥུའུ་ལེང་དང་། ཧུའུ་པེ་ཞིང་ཆེན་དམག་ཁུལ་ཁང་ཝུའུ་ཧན་ལས་བྲལ་ལས་བྱེད་པའི་ལུས་གསོ་ཁང་གཉིས་པའི་ལས་བྲལ་ལས་བྱེད་པ་མཱ་ཞུའེ། ཧེ་ལུང་ཅང་ཞིང་ཆེན་སྤྱི་བདེ་ཐིང་གི་རྒན་ཡོལ་ཞུས་པའི་ལས་བྱེད་པ་ཚུའེ་ཏའོ་ཀྲེ་བཅས་ཀྱིས་ཚོགས་ཆེན་ཐོག་རེ་རེ་བཞིན་གཏམ་བཤད་གནང་བ་རེད། 

  
style="display:none;"