མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་པེ་ཅིང་དུ་ལས་འགན་སྒྲུབ་ཚུལ་གསལ་ཞུ་གནང་བར་ཕེབས་པའི་ལིན་ཀྲེང་ཡེའུ་ཨེ་ལ་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་17ཉིན། 14:10】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་12ཚེས་16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་པེ་ཅིང་དུ་ལས་འགན་སྒྲུབ་ཚུལ་གསལ་ཞུ་གནང་བར་ཕེབས་པའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེང་ཡེའུ་ཨེ་ལ་མཇལ་འཕྲད་གནང་བ་རེད།

     མི་དམངས་དྲ་བའི་འཕྲིན། ཚེས་16ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་དབྱིན་ཐའེ་རུ་པེ་ཅིང་དུ་ལས་འགན་སྒྲུབ་ཚུལ་གསལ་ཞུ་གནང་བར་ཕེབས་པའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེན་ཡེའུ་ཨེ་ལ་མཇལ་འཕྲད་གནང་ནས། ཤང་ཀང་གི་མིག་སྔའི་དུས་བབ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་ཀའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་གསན་པ་རེད། 
     ཞི་ཅིན་ཕིང་གིས། འདས་ལ་ཉེ་པའི་ལོ་འདི་ནི་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ཚུན་གྱི་རྣམ་པ་ཆེས་ཛ་དྲག་དང་རྙོག་འཛིང་ཆེ་བའི་ལོ་ཞིག་རེད། དཀའ་ངལ་དང་གནོན་ཤུགས་སྣ་ཚོགས་ཀྱི་མདུན་དུ། ཁྱོད་ཀྱིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་རྩ་དོན་གྱི་མ་མཐའི་མཚམས་ཐིག་བརྟན་སྲུང་དང་། ཁྲིམས་ལྟར་སྲིད་སྐྱོང་། རང་འགན་ནན་སྒྲུབ་བཅས་བྱས་ནས་དཀའ་ཚེགས་ཆེ་བའི་ལས་དོན་འབོར་ཆེན་བསྒྲུབས་ཡོད། ཁྱོད་ཀྱིས་ད་དུང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གི་སྣེ་ཁྲིད་དེ་སྤྱི་ཚོགས་ཀྱི་དོ་ཁུར་ལ་བརྡ་ལན་ཧུར་ཐག་སློག་པ་དང་། སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་ཁེ་ལས་ལ་རོགས་སྐྱོར་དང་། དམངས་ཀྱི་དཀའ་ངལ་ཆུང་དུ་གཏོང་བ། སྤྱི་ཚོགས་ཀྱི་གཏིང་རིམ་གྱི་འགལ་བ་དང་གནད་དོན་ཞིབ་འཇུག་དང་ཐག་གཅོད་ནན་ཏན་བཅས་བྱས་ཡོད། ཤང་ཀང་གི་དམིགས་བསལ་དུས་སྐབས་སུ། ཁྱོད་ཀྱིས་སྙིང་སྟོབས་དང་འགན་འཁུར་གྱི་བསམ་པ་མངོན་པར་ཀྲུང་དབྱང་གིས་ཁས་ལེན་གང་ལེགས་གནང་ཡོད་ཅེས་བརྗོད། 
     ཞི་ཅིན་ཕིང་གིས། ཟླ་11ཚེས་14ཉིན་པར་ཙིར་དུ་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་མཇལ་འཛོམས་ཐེངས་11པར་ཞུགས་རིང་། ངས་གཏམ་བཤད་སྤེལ་ནས་ཀྲུང་དབྱང་གིས་ཤང་ཀང་གི་དུས་བབ་ལ་འཛིན་པའི་གཞི་རྩའི་ལངས་ཕྱོགས་དང་རྣམ་འགྱུར་གསལ་སྟོན་བྱས་ཡོད། ང་ཚོས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་པའི་ཆོད་སེམས་ནི་བློ་བརྟན་འགྱུར་མེད་ཡིན་པ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ལག་བསྟར་བྱེད་པའི་ཆོད་སེམས་ནི་བློ་བརྟན་འགྱུར་མེད་ཡིན། ཕྱི་ཕྱོགས་ཀྱི་སྟོབས་ཤུགས་གང་རུང་གིས་ཤང་ཀང་གི་ལས་དོན་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱེད་པའི་ཆོད་སེམས་ནི་བློ་བརྟན་འགྱུར་མེད་ཡིན་ཞེས་ནན་བཤད་གནང་བ་རེད། 
     ཞི་ཅིན་ཕིང་གིས། ང་ཚོས་མུ་མཐུད་བློ་བརྟན་འགྱུར་མེད་ངང་ཁྱོད་ཀྱིས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྣེ་ཁྲིད་དེ་ཁྲིམས་ལྟར་སྲིད་སྐྱོང་བ་དང་། ཤང་ཀང་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་བསྟར་ནན་པོ་བྱེད་པ།  རྒྱལ་གཅེས་ཀང་གཅེས་ཀྱི་སྟོབས་ཤུགས་བཅས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་དང་། ཤང་ཀང་གི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་རྡོག་རྩ་གཅིག་སྒྲིལ་གྱིས་ཐུན་མོང་ཐོག་ཤང་ཀང་གི་འཕེལ་རྒྱས་སླར་ཡང་ཡང་དག་པའི་ལམ་ཁར་བསྐྱོད་པ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། 
     ཧན་ཀྲེང་དང་། ཏིང་ཞུའེ་ཞང་། དབྱང་ཅེ་ཁྲི། ཀུའོ་ཧྲེང་ཁུན། ཡིའུ་ཆོན་སོགས་མཇལ་འཕྲད་ནང་ཞུགས་ཡོད་པ་རེད། 

ཟླ་12ཚེས་16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་པེ་ཅིང་དུ་ལས་འགན་སྒྲུབ་ཚུལ་གསལ་ཞུ་གནང་བར་ཕེབས་པའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེང་ཡེའུ་ཨེ་ལ་མཇལ་འཕྲད་གནང་བ་རེད།
ཟླ་12ཚེས་16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་པེ་ཅིང་དུ་ལས་འགན་སྒྲུབ་ཚུལ་གསལ་ཞུ་གནང་བར་ཕེབས་པའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེང་ཡེའུ་ཨེ་ལ་མཇལ་འཕྲད་གནང་བ་རེད།

style="display:none;"