མི་དམངས་དྲ་བ།

༄༅།།《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་
ཆེན་བཀོད་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་17ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ལེགས་ཆ་གསབ་རེས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ས་ཁོངས་དཔལ་འབྱོར་ཁྱབ་ཚུལ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་24པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ལེགས་ཆ་གསབ་རེས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ས་ཁོངས་དཔལ་འབྱོར་ཁྱབ་ཚུལ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས》ཞེས་པ་བཀོད་ཡོད་པ་རེད།
     གསུང་རྩོམ་ནང་། ས་ཁུལ་ཁག་གི་ཆ་རྐྱེན་གཞིར་བཟུང་། ལུགས་མཐུན་ལས་བགོས་དང་འཕེལ་རྒྱས་བཟང་སྒྲིག་གི་ལམ་བུར་བསྐྱོད་པ་དང་། བྱེད་པོའི་ནུས་པའི་ཁུལ་གྱི་འཐབ་ཇུས་དོན་འཁྱོལ། བར་མཐོངས་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ལེགས་ཆ་གསབ་རེས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ས་ཁོངས་དཔལ་འབྱོར་ཁྱབ་ཚུལ་ཆགས་པ་བྱེད་དགོས་ཞེས་ནན་བཤད་གནང་ཡོད།
     གསུང་རྩོམ་ནང་། ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་བབ་གསར་པར་ངོས་འཛིན་ཡང་དག་བྱེད་དགོས། དཔལ་འབྱོར་འཕེལ་རྒྱས་ཀྱི་བར་མཐོངས་གྲུབ་ཆར་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད་པ་དང་། ལྟེ་བའི་གྲོང་ཁྱེར་དང་གྲོང་ཁྱེར་ཚོམ་བུ་ཐེག་ནུས་འཕེལ་རྒྱས་གཞི་རྒྱུའི་བར་མཐོངས་བྱེད་ཐབས་གཙོ་བོར་གྱུར་བཞིན་ཡོད། ང་ཚོས་ངེས་པར་དུ་དུས་བབ་གསར་པ་དང་འཚམ་པ་བྱས་ཏེ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་པ་ཇུས་འགོད་བྱེད་དགོས་ཞེས་བསྟན་ཡོད།
     གསུང་རྩོམ་ནང་། དུས་བབ་གསར་པའི་འོག་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྤྱིའི་བསམ་ཕྱོགས་ནི། ཕྱི་རོལ་ཡུལ་གྱི་དཔལ་འབྱོར་གྱི་ཆོས་ཉིད་གཞིར་བཟུང་། ས་ཁོངས་ཀྱི་སྲིད་ཇུས་མ་ལག་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ས་ཁུལ་ཁག་གི་དགེ་མཚན་ཆེ་རིགས་འདོན་སྤེལ། རིགས་ཁག་གི་གཞི་རྒྱུ་ལུགས་མཐུན་ངང་འཁོར་སྐྱོད་དང་ཕན་ཆེ་གཅིག་སྡུད་ལ་སྐུལ་འདེད་གཏོང་བ། གསར་གཏོད་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་མ་ལག་མགྱོགས་མྱུར་བསྐྲུན་པ། ལྟེ་བའི་གྲོང་ཁྱེར་དང་གྲོང་ཁྱེར་ཚོམ་བུ་སོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེགས་ཆའི་ས་ཁོངས་ཀྱི་དཔལ་འབྱོར་དང་མི་འབོར་གཤོངས་ནུས་ལ་ཤུགས་སྣོན་རྒྱག་པ། འབྲུ་རིགས་བདེ་འཇགས་དང་། སྣོད་བཅུད་བདེ་འཇགས། མཐའ་མཚམས་བདེ་འཇགས་སོགས་འགན་ལེན་ཁྲོད་ཀྱི་ས་ཁུལ་གཞན་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། ལེགས་ཆ་གསབ་རེས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ས་ཁོངས་དཔལ་འབྱོར་ཁྱབ་ཚུལ་ཆགས་པ་བྱེད་དགོས་ཞེས་བསྟན་ཡོད།
     གསུང་རྩོམ་ནང་། ཕྱོགས་མང་གི་སྒོ་ནས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་ལམ་སྲོལ་གསར་པ་འཐུས་སྒོ་ཚང་དུ་གཏོང་བ་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་སྲིད་ཇུས་བྱེད་ཐབས་ལག་བསྟར་དམ་འཛིན་བྱས་ཏེ། རྒྱལ་ཡོངས་སྒོ་དབྱེ་གཅིག་གྱུར་དང་འགྲན་རྩོད་གོ་རིམ་ལྡན་པའི་ཚོང་ཟོག་དང་ཁྲོམ་ར་གཙོ་བོ་ཆགས་པ་བྱེད་པ་དང་། རྒན་གསོ་འགན་བཅོལ་རྒྱལ་ཡོངས་ཀྱིས་སྤྱི་འདོམས་བྱ་རྒྱུ་མགྱོགས་མྱུར་མངོན་འགྱུར་དང་། ས་ཆ་དོ་དམ་ལམ་ལུགས་སྒྱུར་བཅོས། ནུས་རྒྱུ་འཛད་སྤྱོད་ཀྱི་ཚོད་འཛིན་གཉིས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། སྣོད་བཅུད་ཁ་གསབ་ལམ་ལུགས་ཕྱོགས་ཡོངས་ནས་འཛུགས་པ། ནོར་སྲིད་སྤོ་སྒྱུར་གཏོང་སྒོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་ཡོད།
    རྩོམ་ཡིག་ནང། བྱང་ཤར་ས་ཁུལ་གྱི་འཐབ་ཇུས་གནས་བབ་ཧ་ཅང་གལ་འགངས་ཆེ་བས། འཐབ་ཇུས་རང་བཞིན་གྱི་བྱེད་ཐབས་གསར་པའི་སྒོ་ནས་བྱང་ཤར་ས་ཁུལ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཐོན་ཁུངས་ནུས་ལྡན་ངང་བསྡུ་སྒྲིལ་བྱེད་པ་དང་རང་འགུལ་ངང་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་བྱས་ནས། འཕེལ་རྒྱས་དོ་སྙོམས་ཀྱི་ཐོན་ལས་གྲུབ་ཆ་གསར་པ་ཆགས་པ་བྱེད་པ་དང་། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་མགྱོགས་སུ་གཏོང་བ། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་འཐབ་ས་མདུན་མ་གསར་པ་གཏོད་པ། སྲིད་གཞུང་གི་འགན་ནུས་སྒྱུར་མགྱོགས་སུ་གཏོང་བ། ཕུལ་བྱུང་ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ། འགོ་ཁྲིད་ལས་བྱེད་པར་དྲང་ཕྱོགས་སྐུལ་ལྕག་བྱ་རྒྱུར་ཤུགས་སྣོན་རྒྱག་པ། མི་སྤྱོད་སྟོན་ཕྱོགས་ཁ་གསལ་འཛུགས་པ་བཅས་བྱས་ཏེ། བྱང་ཤར་གྱི་ཕྱོགས་ཡོངས་དར་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།

  
style="display:none;"