འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་16ཉིན།

༄༅།།བོད་ལྗོངས་ཀྱི་གནམ་དཔྱད་ཚན་རྩལ་ཁྱབ་སྤེལ་ཉམས་ལེན་ཁང་ཐོག་མ་དེ་སྒོ་འབྱེད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་16ཉིན། 13:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་ཀྱི་གནམ་དཔྱད་ཚན་རྩལ་ཁྱབ་སྤེལ་ཉམས་ལེན་ཁང་ཐོག་མ་དེ་སྒོ་འབྱེད་པ།
    མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་14ཉིན། གངས་ལྗོངས་སྐར་མའི་གོ་ལའི་ཚན་རིག་ཁྱབ་གདལ་ཉམས་ལེན་ཁང་དུ་བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་སྒོ་འབྱེད་ནས་ལས་གཉེར་ཚོད་ལྟ་བྱས་པ་དང་། འདི་ནི་བོད་ལྗོངས་ཀྱི་གནམ་དཔྱད་ཚན་རིག་ཁྱབ་སྤེལ་ཉམས་ལེན་ཁང་ཨང་དང་པོ་དེ་ཡིན་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཉམས་ལེན་ཁང་དེ་འཇིག་རྟེན་ཤེས་ཚོར་དང་། འཇིག་རྟེན་ཤེས་རྟོགས། འཇིག་རྟེན་འཚོལ་ཞིབ་བརྗོད་དོན་གཙོ་བོར་བྱས་ནས། ལྟ་སྐོར་བའི་ཚོར་དབང་ཐོག་མའི་ཉམས་ལེན་གྱིས་ཇུས་འགོད་ཀྱི་སྣེ་ཁྲིད་བྱས་ཏེ། མཉམ་འགུལ་བརྙན་ཕབ་དང་། འཕྱོ་གཡེང་བརྙན་ཕབ། དངོས་གཟུགས་རྗེས་འདེད། མི་གཟུགས་འཇུ་བ། གཟུགས་ཚོར་མཉམ་འགུལ། VRསོགས་ཚན་རྩལ་མཐོ་བའི་ལག་རྩལ་གྱིས་བོད་ཁུལ་གྱི་ངོ་མཚར་སྟོན་པ་དང་། འཇིག་རྟེན་གྱི་གསང་བ་གསེད་བཀྲོལ་བྱས་ཡོད་པ་རེད།
【1】  【2】
༄༅།།བོད་ལྗོངས་ཀྱི་གནམ་དཔྱད་ཚན་རྩལ་ཁྱབ་སྤེལ་ཉམས་ལེན་ཁང་ཐོག་མ་དེ་སྒོ་འབྱེད་པ།