འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་16ཉིན།

༄༅།།ཡུལ་ཤུལ་གནམ་ཐང་གི་སྐུ་མགྲོན་བསུས་ཚད་མི་ཐེངས་ཁྲི་30བརྒལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་16ཉིན། 12:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཡུལ་ཤུལ་གནམ་ཐང་གི་སྐུ་མགྲོན་བསུས་ཚད་མི་ཐེངས་ཁྲི་30བརྒལ་བ།
    མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་14ཉིན། མཚོ་སྔོན་གནམ་ཐང་ཚད་ཡོད་ཀུང་སིས་གསར་འཕྲིན་སྤེལ་དོན། མཚོ་སྔོན་གྱི་རྒྱ་མཚོའི་ངོས་ལས་ས་བབས་ཆེས་མཐོ་བའི་གནམ་གྲུ་ཐང་སྟེ། ཡུལ་ཤུལ་གནམ་གྲུ་ཐང་གིས་ཟླ་བ་འདིའི་ཚེས་12ཉིན་བར་སྐུ་མགྲོན་མི་ཐེངས་ཁྲི་30བསུས་ཡོད་ཅིང་། ཚད་དེ་ནི་ན་ནིང་ལས་ཉིན་17གྱི་སྔོན་ལ་བསྡོམས་བརྩིས་བྱས་ཡོད།
    ཡུལ་ཤུལ་གནམ་གྲུ་ཐང་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་དཔལ་ཐང་ཤང་དཔལ་ཐང་རྩྭ་ཐང་དུ་གནས་ཤིང་། རྒྱལ་ནང་གི་ཡན་ལག་གནམ་གྲུ་ཐང་གི་ཁོངས་སུ་གཏོགས་ཤིང་། གནམ་ཐང་རིམ་པ་ནི་4Cརེད། གནམ་ཐང་འདི་ནི་རྒྱ་མཚོའི་ངོས་ལས་ས་བབས་མཐོ་ཚད་ལ་སྨི་3950ཡོད་ཅིང་། མཚོ་སྔོན་གྱི་རྒྱ་མཚོའི་ངོས་ལས་ས་བབས་ཆེས་མཐོ་བ་དང་། འཛམ་གླིང་གི་མཐོ་ཚད་ཨང་དྲུག་པའི་མཐོ་སྒང་གི་ཡན་ལག་གནམ་གྲུ་ཞིག་རེད། 
    འབད་འབུངས་དང་སྙོམས་སྒྲིག་ཚགས་དམ་པོ་བྱས་པ་བརྒྱུད། ཡུལ་ཤུལ་དང་ཟི་ལིང་བར་གྱི་གནམ་གྲུ་གཟའ་འཁོར་རེར་གནམ་གྲུ་34འཕུར་རྒྱུ་དང་། མུ་མཐུད་དུ་ཡུལ་ཤུལ་དང་ལྷ་སའི་བར་གཟའ་འཁོར་རེར་གནམ་གྲུ་4འཕུར་རྒྱུ། ཡུལ་ཤུལ་དང་པེ་ཅིང་བར་གཟའ་འཁོར་རེར་གནམ་གྲུ་2འཕུར་རྒྱུ། ཡུལ་ཤུལ་དང་ཟི་ལིང་བར་གཟའ་འཁོར་རེར་གནམ་གྲུ་7འཕུར་རྒྱུ། ཡུལ་ཤུལ་དང་ཁྲེན་ཏུའུ་བར་གཟའ་འཁོར་རེར་གནམ་གྲུ་7འཕུར་རྒྱུ་རེད། མིག་སྔར། ཡུལ་ཤུལ་གནམ་གྲུ་ཐང་དུ་གཟའ་འཁོར་རེར་གནམ་གྲུ་45དང་། ཐེངས་90འཕུར་བཞིན་ཡོད། ན་ནིང་གི་དུས་མཉམ་དང་བསྡུར་ན་གནམ་གྲུ་འཕུར་ཚད་ཇེ་མང་དུ་ཕྱིན་པ་དང་། བར་བརྒྱུད་འགྲུལ་པ་དུས་མཉམ་དང་བསྡུར་ན་40%ཇེ་མང་དུ་སོང་ཡོད། 
༄༅།།ཡུལ་ཤུལ་གནམ་ཐང་གི་སྐུ་མགྲོན་བསུས་ཚད་མི་ཐེངས་ཁྲི་30བརྒལ་བ།