འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་16ཉིན།

༄༅།།བདག་ཏུ་མ་བཟུང་བའི་དོམ་ཁྲ་འཚོ་གནས་ཁུལ་སྲུང་སྐྱོང་བྱེད་མཁན་ནགས་ཚལ་སྐོར་སྲུང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་16ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བདག་ཏུ་མ་བཟུང་བའི་དོམ་ཁྲ་འཚོ་གནས་ཁུལ་སྲུང་སྐྱོང་བྱེད་མཁན་ནགས་ཚལ་སྐོར་སྲུང་བ།
    ཀན་སུའུ་པའེ་ཧྲུའེ་གཙང་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་བདག་ཏུ་མ་བཟུང་བའི་དོམ་ཁྲ་110ཡོད་པ་དང་། སྲུང་སྐྱོང་ཁུལ་གྱི་ནགས་ཚལ་སྐོར་སྲུང་རུ་ཁག་གིས་ལོ་མང་རིང་། རྒྱ་ཁྱོན་སྤྱི་ཆིང་ཁྲི་18ལྷག་ཙམ་ཟིན་པའི་བདག་ཏུ་མ་བཟུང་བའི་དོམ་ཁྲ་འཚོ་གནས་ཁུལ་ལྟ་སྲུང་བྱས་ཡོད་པ་རེད། སྐོར་སྲུང་བྱེད་རིང་། སྐོར་སྲུང་བས་བདག་ཏུ་མ་བཟུང་བའི་དོམ་ཁྲའི་འགུལ་སྐྱོད་རྗེས་ཤུལ་ཟིན་ཐོ་འགོད་པ་དང་། དོམ་བྲུན་འཚོལ་བསྡུ་དབྱེ་ཞིབ་བྱེད་པ། དོམ་ཁྲས་བཟའ་རྒྱུར་དགའ་བའི་སྨྱུག་མ་སྐྱེ་ཚུལ་ལ་ལྟ་ཞིབ་བཅས་བྱེད་དགོས་པ་མ་ཟད། ད་དུང་དམར་ཕྱིའི་པར་ཆས་སྒྲིག་སྦྱོར་དང་། བརྙན་ལམ་ལྟ་འདོམས་གྲངས་གཞི་ལེགས་སྒྲིག ལྟ་ཞིབ་ཚད་ལེན་གྱི་གྲངས་གཞིའི་མཛོད་ལེགས་གཏོང་སོགས་ཀྱི་ལས་ཀ་བྱེད་དགོས་ཀྱི་ཡོད་པ་རེད། ལས་ཀ་དཀའ་ལས་ཁག་པོ་ཡོད་ཀྱང་། དགའ་འོས་པ་ཞིག་ནི་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་དང་བསྟུན་ནས་ཉེ་བའི་ལོ་ཤས་རིང་། སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཏེ་དོམ་ཁྲའི་གྲངས་འབོར་བརྟན་པོའི་ངང་འཕར་བ་དང་འབྲེལ་འགུལ་སྐྱོད་ཁྱབ་ཁོངས་ཀྱང་རིམ་བཞིན་ཆེ་རུ་ཕྱིན་ཡོད་ཅིང་། འདི་ནི་ཟླ་12ཚེས་13ཉིན་སྐོར་སྲུང་བ་ཀྲང་ཞུང(གཡོན)དང་ཞུས་ཁོས་ལམ་བར་དུ་མཐོང་བའི་སྲོག་ཆགས་ཀྱི་རྐང་རྗེས་ཟིན་ཐོ་འགོད་བཞིན་པ།