མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཕ་ནུའུ་ཨེ་ལུའོ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་15ཉིན། 13:07】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་12ཚེས་13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཕ་ནུའུ་ཨེ་ལུའོ་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་བྱང་ངོས་ཚོམས་ཆེན་དུ་ཕ་ནུའུ་ཨེ་ལུའོ་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོག་བཞིན་པ།

ཟླ་12ཚེས་13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཕ་ནུའུ་ཨེ་ལུའོ་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་བྱང་ངོས་ཚོམས་ཆེན་དུ་ཕ་ནུའུ་ཨེ་ལུའོ་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོག་བཞིན་པ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཕ་ནུའུ་ཨེ་ལུའོ་དང་གྲོས་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་ཕ་ནུའུ་ཨེ་ལུའོ་ཡིས་ཀྲུང་སྨི་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བའི་སྐབས་འདིར་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་དང་། ཁོང་གིས་ལས་འགན་བཞེས་ཚུན་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཧུར་ཐག་གཞོལ་ནས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་བརྟན་སྲུང་གནང་བར་བསྔགས་བརྗོད་གནང་བ་རེད། ཞི་ཅིན་ཕིང་གིས། ཀྲུང་གོས་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ཆེ་ཆུང་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་བྱེད་པ། ཕྱོགས་རྐྱང་པའི་རིང་ལུགས་དང་བཙན་པོ་ཧམ་གཤེད་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། རྒྱལ་ཁབ་ཁག་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་དར་སྤེལ་ཧུར་ཐག་གཏོང་བ་བཅས་བྱེད་བཞིན་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་30སོང་རིང་། ཀྲུང་སྨི་ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས། ཕན་ཚུན་རྒྱབ་སྐྱོར་བཅས་བྱས་ཏེ་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་ཐོག་དངོས་སྒྲུབ་མཉམ་ལས་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་འགྲོ་བར་སྐུལ་འདེད་བཏང་བ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཁེ་ཕན་ཏན་ཏིག་བསྐྲུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་སྨིའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐུལ་འདེད་བཏང་ཐོག་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ལེགས་པའི་ཕན་བདེ་སྐྲུན་འདོད་ཡོད་ཅེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་སྨི་ཕྱོགས་གཉིས་པོས་རིམ་པ་ཁག་གི་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གི་སྡེ་ཚན་དང་ཁྲིམས་འཛུགས་སྒྲིག་གཞིའི་དབར་སྤེལ་རེས་བྱེད་རྒྱ་ཆེ་རུ་བཏང་ནས་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་སྔར་རྒྱུན་བཞིན་སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་ཕྱོགས་ཀྱིས་རང་ཉིད་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ལམ་བུར་བསྐྱོད་རྒྱུར་བརྩི་འཇོག་བྱེད་པ་དང་སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་ཕྱོགས་ཀྱིས་རྒྱལ་ཁབ་རང་བཙན་སྲུང་སྐྱོང་དང་རྒྱལ་ཁབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་བྱ་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཕྱོགས་གཉིས་པོས་ལེགས་ཆ་གསབ་རེས་བྱས་ཏེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་ནང་ཚོང་དོན་མ་འཇོག་དང་། ཞིང་ལས་དང་ཉ་ལས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་ཧུར་ཐག་གཏོང་བ་དང་། སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་ཕྱོགས་ཀྱིས་ཀྲུང་གོར་འཕང་གཟུགས་ཉ་སོགས་ལེགས་ལྡན་ཐོན་ཟོག་དེ་བས་མང་བ་ཕྱིར་གཏོང་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཡོངས་བསྒྲགས་བྱས་པའི་གླིང་ཕྲན་རྒྱལ་ཁབ་དང་མཉམ་ལས་བྱེད་པ་དང་གླིང་ཕྲན་རྒྱལ་ཁབ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བྱེད་ཐབས་ཁག་བེད་སྤྱོད་གང་ལེགས་བྱས་ཐོག་དམངས་འཚོར་ཕན་པའི་དངོས་སྒྲུབ་མཉམ་ལས་དེ་བས་མང་བ་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ནུས་པས་ལྕོགས་ཚོད་ཀྱི་ཁྱབ་ཁོངས་སུ་སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་ཕྱོགས་ལ་དཔལ་འབྱོར་དང་ལག་རྩལ་གྱི་རོགས་སྐྱོར་བྱེད་འདོད་ཡོད། ཕྱོགས་གཉིས་པོས་མི་ཆོས་རིག་གནས་དང་ས་གནས་ཀྱི་སྤེལ་རེས་ལ་སྐུལ་འདེད་བཏང་སྟེ་ད་ཐེངས་ཕྱི་འབྲེལ་དང་། གཞུང་ལས། གཞུང་ལས་དཀྱུས་མ་བཅས་ཀྱི་རྒྱལ་གྲོལ་ལམ་ཡིག་ཡོད་པའི་མི་སྣར་ཕན་ཚུན་ཐོངས་མཆན་མི་དགོས་པའི་གྲོས་དན་ལ་མིང་རྟགས་འགོད་པ་གོ་སྐབས་སུ་བྱས་ནས་ཕྱོགས་གཉིས་པོའི་མི་སྣ་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་མི་དམངས་ཀྱི་སྲོལ་རྒྱུན་མཛའ་གྲོགས་ཟབ་ཏུ་བཏང་སྟེ། ཀྲུང་གོའི་ཀོང་ཏུང་ཞིང་ཆེན་དང་ཧའེ་ནན་ཞིང་ཆེན་གྱིས་སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་ས་གནས་དང་མཉམ་ལས་བྱེད་པར་དངོས་སྒྲུབ་ཕན་འབྲས་དེ་བས་མང་བ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། འབྲེལ་གཏུག་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་གནམ་གཤིས་འགྱུར་ལྡོག་དང་རྒྱ་མཚོ་སོགས་གནད་དོན་གལ་ཆེན་ཐད་མུ་མཐུད་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།
     ཕ་ནུའུ་ཨེ་ལུའོ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ་དང་ཁོང་གིས་གསུངས་དོན། ངས་ད་ཐེངས་འཚམས་འདྲི་ཞུ་རིང་ཀྲུང་གོའི་ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གནས་དང་དེང་རབས་ཀྱི་འཕེལ་རྒྱས་གྲུབ་འབྲས་ཧ་ཅང་བཀྲག་མདངས་ཆེ་བའི་མྱོང་ཚོར་ཟབ་མོ་བྱུང་། ཀྲུང་གོའི་ལྷག་བསམ་ཟོལ་མེད་ཀྱི་གྲོགས་པོ་ཡིན་པའི་རང་ཉིད་ཀྱིས་ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་རླབས་པོ་ཆེ་ཐོབ་པར་སྙིང་དབུས་ནས་དགའ་ཚོར་ཆེན་པོ་སྐྱེ་གི་འདུག ཀྲུང་གོར་འབྱུང་འགྱུར་གྲུབ་འབྲས་དེ་བས་ཆེ་བ་ཐོབ་པའི་ཡིད་ཆེས་ཡོད། སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུའི་གྲོས་འགོ་དང་། དེ་བཞིན་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་བཏོན་པར་བསྔགས་བརྗོད་ཆེན་པོ་ཞུ་རྒྱུ་ཡིན། སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་ནི་རྒྱལ་ཁབ་ཆུང་ངུ་ཞིག་ཡིན་མོད། འོན་ཀྱང་ཐོག་མཐའ་བར་གསུམ་དུ་ཀྲུང་གོས་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་བརྩི་འཇོག་གནང་བ་མྱོང་ཚོར་ཐུབ་ཀྱི་འདུག ཀྲུང་གོ་ནི་སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་མི་རིགས་རང་བཙན་གྱི་བཅིངས་འགྲོལ་ལས་འགུལ་ལ་རྒྱབ་སྐྱོར་གནང་མཁན་སྔ་ཤོས་ཡིན་པ་མ་ཟད། སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་རྒྱལ་ཁབ་འཕེལ་རྒྱས་ཆེད་རོགས་རམ་གནང་བ་དང་སྨི་ཀྲུང་ཕྱི་འབྲེལ་བཙུགས་ནས་ལོ་30སོང་རིང་རྒྱལ་ཁབ་གཉིས་པོའི་དབར་མཉམ་ལས་བྱས་ཏེ་སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་རྒྱལ་ཁབ་དང་མི་དམངས་ལ་དངོས་ཕན་ཏན་ཏིག་བསྐྲུན་ཡོད།

  
style="display:none;"