འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་11ཉིན།

༄༅།།མཚོ་བོད་མཐོ་སྒང་གི་མཚོ་མོ་ནམ་ཟླའི་འགྱུར་ལྡོག་དང་བསྟུན་ནས་ཇེ་དྲོ་རུ་འགྱུར་བཞིན་ཡོད།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་11ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མཚོ་བོད་མཐོ་སྒང་གི་མཚོ་མོ་ནམ་ཟླའི་འགྱུར་ལྡོག་དང་བསྟུན་ནས་ཇེ་དྲོ་རུ་འགྱུར་བཞིན་ཡོད།
     མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་9ཉིན། “ལྟ་བཤེར་ཞིབ་འཇུག་བརྒྱུད་ནས་མངོན་པར། 2019ལོའི་བར། མཚོ་བོད་མཐོ་སྒང་གི་ཚྭ་མེད་མཚོ་དང་ཚྭ་ལྡན་མཚོ་ནི་ནམ་ཟླའི་འགྱུར་ལྡོག་དང་བསྟུན་ནས་མཉམ་གཅིག་ཏུ་ཇེ་དྲོ་རུ་འགྱུར་བཞིན་འདུག”ཅེས་ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཝུན་ལི་ཅོན་གྱིས་གསར་འགོད་པར་བཤད་བྱུང་། 
    ཝུན་ལི་ཅོན་གྱིས་ངོ་སྤྲད་དོན། མཚོ་བོད་མཐོ་སྒང་གི་མཚོ་མོས་ས་རླུང་ནུས་ཚད་དང་ཆུ་རྡུལ་བརྗེ་རེས་ཀྱི་གོ་རིམ་སྙོམས་སྒྲིག་གཏོང་ཐུབ་ཅིང་། ས་ཁུལ་གྱི་ནམ་ཟླར་འགྱུར་ལྡོག་མངོན་གསལ་ཆེན་པོ་གཏོང་བཞིན་ཡོད། འགྱུར་ལྡོག་འདི་རིགས་ཀྱིས་གོམ་གང་མདུན་སྤོས་ངང་མཚོ་བོད་མཐོ་སྒང་གིས་རླུང་ཁམས་ཆེན་མོ་འཁོར་བསྐྱོད་ཚོད་འཛིན་གྱི་གལ་ཆེའི་རྒྱུ་རྐྱེན་གྱི་ནུས་པ་བརྒྱུད་ནས། ས་ཁོངས་དང་ཐ་ན་གོ་ལ་ཧྲིལ་བོའི་ནམ་ཟླར་ཤུགས་རྐྱེན་གཏོང་སྲིད་ཅེས་བརྗོད།
    མཚོ་བོད་མཐོ་སྒང་དུ་ཚྭ་ཆུ་དང་ཚྭ་མཚོ་གཙོ་བོ་བྱེད་པའི་མཚོ་མོའི་ཚོགས་ཡོད་ཅིང་། དེས་རྒྱལ་ཡོངས་ཀྱི་མཚོ་མོ་སྤྱིའི་རྒྱ་ཁྱོན་གྱི་52%ཟིན་ཡོད། ཉེ་བའི་ལོ་འགའ་ནས་བཟུང་། མཚོ་བོད་མཐོ་སྒང་གི་འདམ་རའི་རྒྱ་ཁྱོན་ནི་སྤྱིའི་ཆ་ནས་ཆུང་དུ་ཕྱིན་ཡོད་པ་དང་། ལྗོངས་རྣམ་སྣ་མང་རང་བཞིན་མར་ཆག་ཡོད། ཡིན་ནའང་། མཚོའི་འདམ་རའི་འགྱུར་ལྡོག་ནི་དེ་ལས་ལྡོག་སྟེ་མཚོའི་ཆུ་གནས་ཇེ་མཐོར་འགྲོ་བ་དང་། ཆུའི་འབོར་ཚད་ཇེ་ཆེར་འགྲོ་བ། ནང་རྒྱུག་མཚམས་ཁོངས་ཀྱི་མཚོའི་རྒྱ་ཁྱོན་རྒྱ་བསྐྱེད་བཞིན་ཡོད། 
“མཚོ་ངོས་ཀྱི་དྲོད་ཚད་ཇེ་མཐོར་སོང་བ་ཡིས་མཚོ་ནང་གི་དྲོད་ཚད་དང་བཞུ་འབྱེད་དབྱང་རིམ་ལ་འགྱུར་ལྡོག་གཏོང་བ་རེད། མཚོའི་དྲོད་ཚད་ནི་དེ་དང་འབྲེལ་བ་ཟབ་མོ་ཡོད་པ་དང་ད་དུང་སྐྱེ་ཁམས་ལ་མཛུབ་སྟོན་གྱི་དོན་སྙིང་ལྡན་པའི་བཞུ་འབྱེད་དབྱང་ནི་མཚོ་མོའི་སྐྱེ་ཁམས་མ་ལག་ལ་ཤུགས་རྐྱེན་ཐེབས་པའི་རྒྱ་རྐྱེན་གལ་ཆེན་དེ་ཡིན་ཞིང་། དེ་ཚོའི་འགྱུར་ལྡོག་གིས་མཚོ་མོའི་སྐྱེ་ཁམས་མ་ལག་ལ་ཤུགས་རྐྱེན་ཟབ་མོ་ཐེབས་རྒྱུ་རེད།”ཝུན་ལི་ཅོན་གྱིས་དབྱེ་ཞིབ་བྱས་ནས་བཤད་དོན། ལྟ་བཤེར་ལས་མངོན་གསལ། གོ་ལ་ཧྲིལ་བོའི་དབྱར་དུས་ཀྱི་མཚོ་མོས་ནམ་ཟླ་འགྱུར་ལྡོག་ལ་ཤུགས་རྐྱེན་གཏོང་བའི་ཚོར་བ་སྐྱེན་པོ་ཡོད་ཅིང་། སྤྱིའི་ཆ་ནས་དྲོད་ཚད་ཇེར་མཐོར་འགྲོ་བཞིན་ཡོད། 
    ཝུན་ལི་ཅོན་གྱིས་བསྟན་དོན། ལྟ་བཤེར་ཞིབ་འཇུག་བྱས་པ་ལས་མངོན་གསལ། 2019ལོའི་བར། མཚོ་བོད་མཐོ་སྒང་གི་ཚྭ་མེད་མཚོ་དང་ཚྭ་ལྡན་མཚོ་ནི་ནམ་ཟླའི་འགྱུར་ལྡོག་དང་བསྟུན་ནས་མཉམ་གཅིག་ཏུ་ཇེ་དྲོ་རུ་འགྲོ་བཞིན་ཡོད། དེའི་ཁྲོད་དུ་མཚོ་ངོས་ཀྱི་དྲོད་ཚད་འཕེལ་ཕྱོགས་ཀྱི་ཁྱད་པར་མངོན་གསལ་མེད། མཐོ་སྒང་ས་ཁུལ་དུ་རླབས་རིང་རྩིབས་འཕྲོ་འཕར་སྣོན་དང་དྲོད་ཚད་ཇེ་མཐོ། རླུང་གི་མྱུར་ཚད་ཇེ་དམའ་རུ་འགྲོ་བ་དང་། དེ་བཞིན་དུ་བཞའ་བརླན་ཚད་ཇེ་ཆེར་འགྲོ་བ་བཅས་ཐུན་མོང་གི་ནུས་པས་མཚོ་མོའི་དྲོད་ཚད་ཇེ་མཐོར་བཏང་ཡོད་ཅིང་། ཉི་མའི་རྩིབས་འཕྲོ་ཇེ་ཞན་དུ་སོང་བ་ཡིས་མཚོ་མོའི་དྲོད་ཚད་འཕར་བ་ལ་བཀག་འགོག་ཐེབས་ཡོད། 
༄༅།།མཚོ་བོད་མཐོ་སྒང་གི་མཚོ་མོ་ནམ་ཟླའི་འགྱུར་ལྡོག་དང་བསྟུན་ནས་ཇེ་དྲོ་རུ་འགྱུར་བཞིན་ཡོད།