འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་11ཉིན།

༄༅།།སྐྱེ་ཁམས་བཟང་། དགུན་ཟླར་རོལ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་11ཉིན། 13:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སྐྱེ་ཁམས་བཟང་། དགུན་ཟླར་རོལ།
    མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་8ཉིན་གྱི་ས་སྲིབ་ཏུ། ལྷ་སའི་ལྷ་ཀླུ་འདམ་ར་ནས་འཕུར་བའི་ཁྲུང་ཁྲུང་མགོ་ཁྲ་དང་ངུར་བ་མཁའ་དབྱིངས་སུ་ལྡིང་བཞིན་པ།
 དགུན་གྱི་ལྷ་སར། ལྷ་སའི་ལུང་གཞུང་གི་ཞིང་ཁ་དང་། ཆུ་འགྲམ། ཡང་ན་གྲོང་ཁུལ་གྱི་ལྷ་ཀླུ་འདམ་ར་དང་། རྫོང་རྒྱབ་ཀླུ་ཁང་སོགས་ཚང་མ་ནས་ཟས་བཟའ་བཞིན་པའི་ཁྲུང་ཁྲུང་མགོ་ཁྲ་དང་། ངུར་བ་དེ་བཞིན་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཁྲུང་ཁྲུང་སྐེ་ནག་སོགས་གང་ས་གང་ནས་མཐོང་རྒྱུ་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ལོ་ལྟར་གྱི་དགུན་དུས་སུ་ལྷ་ས་གྲོང་ཁུལ་གྱི་མཐའ་འཁོར་གཅིག་པུར་ཁྲུང་ཁྲུང་སྐེ་ནག་དང་། ཁྲུང་ཁྲུང་མགོ་ཁྲ། ངུར་བ་སོགས་དུས་བྱ་ཁྲི་ཕྲག་ཡོད་པ་རེད།