འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་10ཉིན།

༄༅།།པདྨ་ཚེ་བརྟན་གྱི་གློག་བརྙན་འདིར་ཡང་བྱ་དགའ་ཆེན་པོ་ཐོབ་འདུག

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་10ཉིན། 13:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།པདྨ་ཚེ་བརྟན་གྱི་གློག་བརྙན་འདིར་ཡང་བྱ་དགའ་ཆེན་པོ་ཐོབ་འདུག
     ཟླ་12ཚེས་8ཉིན། ཧའེ་ནན་གླིང་ཕྲན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་གཉིས་པར་པད་མ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་བརྩམས་ཆོས་གསར་པ《དབུགས་ལྒང》ལ་སྐབས་འདིའི་འགྲན་བསྡུར་གྱི་བྱ་དགའ་མཐོ་ཤོས་ཏེ་གསེར་གྱི་བེ་ཏའི་བྱ་དགའ་འམ་གློག་བརྙན་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་མ་ཟད། གློག་བརྙན《དབུགས་ལྒང》གི་བུད་མེད་གཙོ་འཁྲབ་པ་བསོད་ནམས་དབང་མོས་ཕུལ་བྱུང་གི་འཁྲབ་རྩལ་བརྟེན་ནས་རྒྱལ་ཁབ་གཞན་གྱི་འགྲན་ཡ་ལས་རྣམ་པར་རྒྱལ་སྟེ་བུད་མེད་འཁྲབ་སྟོན་པ་ཡག་ཤོས་ཀྱི་བྱ་དགའ་བླངས་ཡོད་པ་རེད། ད་ལོའི་ཧའེ་ནན་གླིང་ཕྲན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱིས་འགྲན་བསྡུར་སྡེ་ཚན་གསར་དུ་བཙུགས་པ་དང་གསེར་གྱི་བེ་ཏའི་བྱ་དགའ་ནི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་གཙོ་གཉེར་བྱས་པའི་གློག་བརྙན་བྱ་དགའ་རེད། ད་ཆ་དེའི་ནང་ཚུད་པའི་གློག་བརྙན་བཅུ་གསུམ་ལས་མང་ཆེ་བ་ནི་འཛམ་གླིང་ཧྲིལ་པོའི་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་Aརིགས་ཀྱི་གློག་བརྙན་དུས་ཆེན་ཆེ་གྲས་ཀྱི་འགྲན་ཞུགས་གློག་བརྙན་ཤ་སྟག་རེད་འདུག
   《དབུགས་ལྒང》ལ་གསེར་གྱི་བེ་ཏའི་བྱ་དགའ་ཡི་གློག་བརྙན་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་མ་ཟད། གཙོ་འཁྲབ་པ་བསོད་ནམས་དབང་མོས་བུད་མེད་འཁྲབ་སྟོན་པ་ཡག་ཤོས་ཀྱི་བྱ་དགའ་བླངས་ཡོད་པ་རེད།
《དབུགས་ལྒང》ཞེས་པའི་གློག་བརྙན་ནི་ད་ལོའི་ཟླ་10པར་ཕིང་ཡའོ་རྒྱལ་སྤྱིའི་གློག་བརྙན་འགྲེམས་སྟོན་ནང་ཚུད་ཡོད། དེ་གོང་།《དབུགས་ལྒང》དེ་རྒྱལ་སྤྱིའི་ཐོག་གི་གློག་བརྙན་དུས་ཆེན་གལ་ཆེན་བཅུ་གྲངས་ཁ་ཤས་ཀྱི་འགྲེམས་སྟོན་དང་འགྲན་བསྡུར་གྱི་སྡེ་ཚན་ནང་ཚུད་ཡོད་པ་རེད།   ཟླ་12པའི་ཟླ་འགོར། གློག་བརྙན《དབུགས་ལྒང》ལ་ཏུང་ཅིང་FILMeXརྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་གློག་བརྙན་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་རེད།   ད་ཆ་ཧའེ་ནན་གླིང་ཕྲན་གྱི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཐོག་གློག་བརྙན་ཡག་ཤོས་ཀྱི་བྱ་དགའ་ཐོབ་པས། དེ་ནི་ལོ་འཁོར་འདིའི་ནང་ཆེས་གལ་ཆེ་བའི་རང་རྒྱལ་གྱིས་བཟོས་པའི་ཕུལ་བྱུང་བརྩམས་ཆོས་གྲས་ཤིག་ཡིན་པ་སླར་ཡང་ར་སྤྲོད་བྱས་ཡོད། རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་གློག་བརྙན་ཡག་ཤོས་ཀྱི་བྱ་དགའ་གཅིག་རྗེས་གཉིས་མཐུད་ངང་ཐོབ་རྗེས། རྒྱ་ཆེའི་གློག་བརྙན་ལ་མཉེས་པོ་གནང་མཁན་ཚོས《དབུགས་ལྒང》ལྟ་རིན་ཡོད་པའི་གློག་བརྙན་གྱི་གྲས་ཤིག་རེད་ཅེས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ནས་རེ་སྒུག་གི་སྦྲང་ཆར་སྒུག་བཞིན་ཡོད་པ་རེད།
    《དབུགས་ལྒང》ཞེས་པ་ནི་བོད་རིགས་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་ལགས་ཀྱི་བརྩམས་ཆོས་གསར་ཤོས་ཤིག་ཡིན་ལ། ཁོང་གིས་དེ་སྔོན་དང་། འབྱུང་འགྱུར། ད་ལྟ་བཅས་ལ་བརྟན་པོར་སྲུང་བའི་མི་ཆོས་སྙིང་སྟོབས་དང་བོད་ཀྱི་རིག་གནས་ཀྱི་ཐུན་མིན་མཛེས་ཆ་དེ་མངོན་པར་བྱས་ཡོད། གློག་བརྙན་འདིའི་ནང་མི་སྣ་གཙོ་བོ་དར་རྒྱས་ཀྱི་ཁྱིམ་མི་ཚང་མར་སྤྱིར་བཏང་གི་སྦྲུམ་འགོག་ཤུབས་ཤིག་གིས་ཅི་བྱ་གཏོལ་མེད་ངང་གདམ་ག་བྱེད་དཀའ་བའི་དོན་དག་རབ་དང་རིམ་པ་འཕྲད་དུ་བཅུག་ཅིང་།  ལྷིང་འཇགས་སུ་གནས་པའི་ཁོ་ཚོའི་འཚོ་བ་རྦད་དེ་འཁྲུག་ཏུ་བཅུག་པ་དང་།   སྐྱེ་རྒ་ན་འཆི་ཉི་ཟླ་རེས་མོས་སུ་འཁོར་བ་དང་འདྲ་བས། མི་རྣམས་ཀྱིས་གདམ་ག་ཇི་ལྟར་བྱ་བའམ། མང་ཚོགས་ཀྱི་གནས་སྟངས་དང་དཀའ་ངལ་འཚོལ་ཞིབ་བྱས་ཡོད་པས། རྒྱ་ཆེའི་གཟིགས་མོ་བའི་ཁྲོད་དུ་མ་གྲོས་གཅིག་མཐུན་གྱི་ཁས་ལེན་ཐོབ་ཡོད། 
༄༅།།པདྨ་ཚེ་བརྟན་གྱི་གློག་བརྙན་འདིར་ཡང་བྱ་དགའ་ཆེན་པོ་ཐོབ་འདུག