འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་9ཉིན།

༄༅༎ཨའོ་མོན་གྱིས་རྒྱལ་སྤྱིའི་མཚར་སྡུག་རྣམ་པར་བཀྲ་བའི་སྐོར་སྐྱོད་ཆེ་མོ་གཉེར་ཏེ་མེས་རྒྱལ་གྱི་པང་དུ་ལོག་ནས་
ལོ་20འཁོར་བར་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་09ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་12ཚེས་8ཉིན་ཨའོ་མོན་གྱིས་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ཉི་ཤུ་འཁོར་བར་རྟེན་འབྲེལ་ཞུ་བའི“2019ལོའི་ཨའོ་མོན་གྱི་རྒྱལ་སྤྱིའི་མཚར་སྡུག་རྣམ་པར་བཀྲ་བའི་སྐོར་སྐྱོད་ཆེ་མོ”ཞེས་པའི་བྱེད་སྒོ་སྤེལ་བ་རེད།
ཟླ་12ཚེས་8ཉིན་ཨའོ་མོན་གྱིས་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ཉི་ཤུ་འཁོར་བར་རྟེན་འབྲེལ་ཞུ་བའི“2019ལོའི་ཨའོ་མོན་གྱི་རྒྱལ་སྤྱིའི་མཚར་སྡུག་རྣམ་པར་བཀྲ་བའི་སྐོར་སྐྱོད་ཆེ་མོ”ཞེས་པའི་བྱེད་སྒོ་སྤེལ་བ་རེད།
     མི་དམངས་དྲ་བའི་འཕྲིན། 2019ལོའི་ཨའོ་མོན་གྱི་རྒྱལ་སྤྱིའི་མཚར་སྡུག་རྣམ་པར་བཀྲ་བའི་སྐོར་སྐྱོད་ཆེ་མོ་ཚེས་8ཉིན་གྱི་ཕྱི་དྲོ་ཨའོ་མོན་དུ་གཉེར་ལ། “རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་ནས་ཡོང་བའི་སྒྱུ་རྩལ་ཚོགས་པ་དང་ཨའོ་མོན་གྱི་སྒྱུ་རྩལ་མཁས་ཅན་མཉམ་དུ་ཞུགས་ནས་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་20འཁོར་བར་རྟེན་འབྲེལ་ཞུས་པ་རེད།
     ད་ཐེངས་ཀྱི་སྐོར་སྐྱོད་ཆེ་མོ་དེ་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་རིག་གནས་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། བརྗོད་དོན་གཙོ་བོ་ནི“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་གྱི་རིག་གནས་ཡིན་པ་རེད། དེའི་ནང་ཞུགས་མཁན་སྒྱུ་རྩལ་ཚོགས་པའི་ནང་ཡུག་རེན་དང་། ཕོ་ལན། དབྱི་ཐ་ལི་སོགས“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་16ཡོད་པ་རེད། ཨའོ་མོན་གྱི་སྐོར་སྐྱོད་ཚོགས་པས་ཀྱང“རྒྱུད་གཅིག་ལམ་གཅིག”གི་རྒྱལ་ཁབ་དང་ས་ཁུལ་གྱི་རིག་གནས་ཁྱད་ཆོས་སམ་ཡང་ན་གཏམ་རྒྱུད་གསར་རྩོམ་གཞིར་བཟུང་ནང་དོན་འཁྲབ་སྟོན་བྱས་པ་རེད།
     ཕྱི་དྲོའི་ཆུ་ཚོད་3པར་རྔམ་བརྗིད་ལྡན་པའི་རྔ་སྒྲ་ཏ་སན་པ་ཕེའེ་ཧྥང་གི་མདུན་དུ་གྲགས་ནས་སྐོར་སྐྱོད་ཆེན་མོའི་འགོ་བཙུགས་པ་རེད། ཚོན་ཁྲ་ཅན་གྱི་རས་ཆེན་པོ་དྲུག་ཏ་སན་པ་ཕའེ་ཧྥང་མདུན་གྱི་རྡོ་སྐས་ཐོག་ཏུ་ཐོན་པ་དེས“རྒྱུད་གཅིག་ལམ་གཅིག”བརྒྱུད་པའི་ཨ་ཧྥེ་རི་ཁ་དང་། ཡོ་རོབ། ཨེ་ཤེ་ཡ་སོགས་གླིང་ཆེན་ཁག་གི་རིག་གནས་ཁྱད་ཆོས་མཚོན་གྱི་ཡོད། ངོ་མཚར་ཆེ་བའི་འགོ་ཚུགས་འཁྲབ་སྟོན་བྱས་རྗེས། སྐོར་སྐྱོད་ཆེན་པོའི་དཔུང་ཁག་གིས་ཨའོ་མོན་གྱི་ལོ་རྒྱུས་ལྡན་པའི་གྲོང་ཁུལ་གྱི་ཁྲོམ་གཞུང་ནས་སྐྱོད་འགོ་ཚུགས་པ་རེད།
     སྐོར་སྐྱོད་དཔུང་ཁག་ནི་འཁྲབ་སྟོན་པ་1800ཙམ་ལས་གྲུབ་པ་ཞིག་ཡིན་པ་དང་། དེའི་ནང་ཞབས་བྲོ་དང་། དགོད་བྲོའི་ཟློས་གར། མིག་འཕྲུལ། རྩལ་རྩེད་སོགས་སྒྱུ་རྩལ་གྱི་རྣམ་པ་སྣ་ཚོགས་དང་དེ་བཞིན་ཨའོ་མོན་གྱི་ཝུའུ་ཙུའེ་ལུང་སོགས་སྲོལ་རྒྱུན་དམངས་སྲོལ་ཚུད་ཡོད་པ་རེད། སྐོར་སྐྱོད་དཔུང་ཁག་ཏ་སན་པ་ཁྲོམ་གཞུང་དང་། དོན་གྲོས་སྟེགས་བུའི་མདུན་གྱི་ས་ཆ་སོགས་ཡུལ་སྐོར་མཛེས་ལྗོངས་བརྒྱུད་དེ་བསྐྱོད་ནས་ལམ་བར་དུ་ལྟད་མོ་བ་དང་མཉམ་འགུལ་བྱས་པ་དང་འབྲེལ་མཐར་ཤིས་དབན་མཚེའུའི་ཐང་ཆེན་དུ་གནས་པའི་མཇུག་གནས་སུ་འབྱོར་བ་རེད།
     སྐོར་སྐྱོད་ཆེན་མོ་2011ལོ་ནས་བཟུང་སྤེལ་འགོ་ཚུགས་པ་དང་། ད་ལོ་ནི་གཉེར་ཐེངས་དགུ་པ་རེད། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་20འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོ་གལ་ཆེན་གྱི་གྲས་ཤིག་ཡིན་པའི་ངོས་ནས་ད་ཐེངས་ཀྱི་བྱེད་སྒོས་ད་དུང་སྡེ་ཁུལ་དུ་སྣུར་སྲིང་འཁྲབ་སྟོན་དང་སློབ་གྲྭར་མཉམ་སྤྲོའི་འདུ་ཚོགས་མང་པོ་སྔ་སྣུར་དུ་གཉེར་པ་དང་འབྲེལ་པར་ལེན་འགྲན་བསྡུར་དང་སྒྱུ་རྩལ་ཚོགས་པ་འདེམས་ཤོག་འཕེན་ནས་དཔྱད་འདེམས་བྱེད་པའི་ལྷུ་ཚིགས་ཀྱང་བཙུགས་ཡོད་པ་རེད།
【1】  【2】  【3】