འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་7ཉིན།

༄༅།།“ང་དང་ངའི་མེས་རྒྱལ”ཞེས་པའི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་
ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་སྐོར་མི་སེར་གྱིས་སྒྲོག་འགྲེལ་བྱེད་
སྒོའི་ཚ་རླབས་ཤིག་འཕྱུར་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་07ཉིན། 12:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་དུ་སྤེལ་བའི“ང་དང་ངའི་མེས་རྒྱལ”ཞེས་པའི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་སྐོར་མི་སེར་གྱིས་སྒྲོག་འགྲེལ་བྱེད་སྒོ་ཧོ་ནན་དང་། ཧྲའན་ཤིས། ཀུའེ་ཀྲོའུ། ཡུན་ནན་སོགས་སུ་སྤེལ་བར་ལས་བྱེད་པ་དང་མང་ཚོགས་ཁྲོད་དུ་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་ཚ་རླབས་ཤིག་འཕྱུར་བ་རེད།
    “འབད་འཐབ་པ་ཡག་ཤོས”ཀྲང་པའོ་གོ་དང་། “རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟཌ”ཐོབ་མཁན་ཧུང་ཅ་ཀོང་། “རྒྱལ་ཡོངས་གསུམ་བརྒྱད་དར་དམར་བའི་དཔེ་དམག”ཝང་ཁེ་རུང་། “སྡེ་ཚོགས་ཀྲུང་དབྱང་ན་གཞོན་འཆད་ཁྲིད་དགེ་རྒན་ཚོགས་པའི”ན་གཞོན་འཆད་ཁྲིད་དགེ་རྒན་ཀྲུའུ་ཏན་དང་། ལིའུ་ཡན་ཡན། ཧུའུ་ཅན་ཧྥུང་སོགས་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་16གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུར་དམ་པོར་དམིགས་པ་དང་མི་སེར་གྱི་ཐོན་སྐྱེད་དང་འཚོ་བའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་རང་ཉིད་ཀྱི་མྱོང་བ་དངོས་དང་བརྩེ་སེམས་ངོ་མར་བརྟེན་ནས། མེས་རྒྱལ་འཕེལ་རྒྱས་ཀྱི་གྲུབ་འབྲས་སྐོར་གྱི་གཏམ་རྒྱུད་དང་མི་སེར་ཚོས་ཕུགས་བསམ་དོན་གཉེར་དང་འབད་འཐབ་ཀྱི་གཏམ་རྒྱུད་གསོན་ཉམས་དོད་པོས་ཤོད་པ་དང་ལས་བྱེད་པ་དང་མང་ཚོགས་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་སྔར་བས་གཏིང་ཟབ་ལེན་རྒྱུར་ལྕག་སྐུལ་བྱས་པས་ཕན་འབྲས་ལེགས་པོ་དང་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད།
    བྱེད་སྒོ་སྤེལ་རིང་དུ་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་སྔ་རྗེས་སུ་ཀུའེ་ཀྲོའུ་གསོ་རིག་སློབ་ཆེན་དང་། ཡུན་ནན་དགེ་འོས་སློབ་ཆེན། ནུབ་བྱང་བཟོ་ལས་སློབ་ཆེན་སོགས་ཀྱི་མཐོ་སློབ་དང་དེ་བཞིན་ལན་ཁའོ་དང་། ཀྲུང་མོའུ། ཤིས་ཨན། ཀུའེ་དབྱང་། ཁུན་མིང་སོགས་ཀྱི་གཞི་རིམ་གྱི་ཚན་པར་བསྐྱོད་དེ་སྒྲོག་འགྲེལ་སྙན་ཞུའི་ཚོགས་ཆེན་ཐེངས་8འཚོགས་པ་མ་ཟད། སྒྲོག་འགྲེལ་ཡན་ལག་རུ་ཁག་གི་རྣམ་པའི་ཐོག་ནས་མཐོ་སློབ་སློབ་མ་དང་། ན་གཞོན་ལས་བཟོ། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་སོགས་ལ་ངོ་འཕྲད་དང་མཉམ་འགུལ་རྣམ་པའི་ཐོག་ནས་སྤེལ་རེས་བྱས་པ་རེད།
     ཧོ་ནན་ལན་ཁའོ་ཅའོ་ཡུས་ལུའུ་དྲན་གསོ་ཁང་གི་ཐང་ཆེན་དུ་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་ལས་བྱེད་པ་དང་མང་ཚོགས་ཚོས་ཐང་སྡེར་དུ་བསྡད་དེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་གོ་བ་ལེན་པ་དང་རང་གི་མྱོང་ཚོར་བཤད་པ་རེད། ཀུའེ་ཀྲོའུ་གསོ་རིག་སློབ་ཆེན་དུ་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཞེ་ཧོ་འཛིན་གྲྭའི་སྡེ་ཚོགས་ཀྲི་པུའི་ཚོགས་འདུར་ཞུགས་པ་དང་། སློབ་ཕྲུག་ཚོ་དང་སྙིང་གཏམ་ཤོད་རེས་དང་སྤེལ་རེས་ཟབ་མོ་བྱས་ཏེ“དར་མདུད་དམར་པོའི་ཁྱིམ་ཚང”གི་སྨན་གཡོག་དཔོན་ཝང་ཁེ་རུང་གིས་ཁོང་གི་ལོ་བཅུ་ཕྲག་རིང“ཨེ་ཙེའི་ནད་པ”དང་མཉམ་དུ་འགྲོགས་པ་དང་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་འཆང་བཞིན་འབད་འཐབ་ཀྱི་ལམ་བུ་བཤད་དེ། སློབ་གྲོགས་ཚོས་དུས་དང་རྣམ་པ་ཀུན་ཏུ་དཀའ་བ་སྤྱད་ནས་འཇོན་ཐང་ཅན་དུ་འགྱུར་བ་བྱས་ཏེ་མེས་རྒྱལ་ལ་དྲིན་ལན་འཇལ་དགོས་པའི་ལྕག་སྐུལ་བྱས་པ་རེད། ཤིས་ཨན་བཟོ་སྐྲུན་ཚན་རིག་སློབ་ཆེན་དང་ཡུན་ནན་མི་རིགས་སློབ་འབྲིང་གི་སློབ་ཁང་ནང་ཡན་ཧྲོའེ་དང་། སུན་ཏུང་ཆིང་། ལིའུ་ཡན་ཡན། ཀྲུའུ་ཏན་སོགས་ཀྱིས“སྡེ་ཚོགས་སློབ་ཁང་ཆུང་ངུ་དང་སྒྲོག་འགྲེལ”ཟུང་འབྲེལ་གྱི་བྱེད་ཐབས་གསར་པ་བརྒྱུད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་གཞོན་ནུ་ལོ་ཆུང་གི་སློབ་སྦྱོང་དང་འཚར་ལོངས་ཟུང་འབྲེལ་བྱས་ཏེ་ལམ་ལུགས་ཀྱི་གདེང་ཚོད་ས་བོན་རྒྱ་ཆེའི་གཞོན་ནུ་ལོ་ཆུང་གི་སེམས་ཀྱི་ཞིང་སར་བཏབ་ཡོད།