འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་7ཉིན།

༄༅།།རང་རྒྱལ་གྱི་ཞིང་ཆེན་དང་གྲོང་ཁྱེར་བཞིའི་སློབ་མར་2018ལོའི་རྒྱལ་སྤྱིའི་སློབ་མའི་ཚོད་སྐོར་རྣམ་གྲངས་
ཀྱི་ཚད་ལེན་ཚོད་ལྟའི་ཁྲོད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་07ཉིན། 12:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས(OECD)ཀྱིས་ཉེ་དུས་2018ལོའི་རྒྱལ་སྤྱིའི་སློབ་མའི་ཚོད་སྐོར་རྣམ་གྲངས(PISA2018)ཚད་ལེན་ཚོད་ལྟའི་གྲུབ་འབྲས་ཁྱབ་བསྒྲགས་བྱས་པ་རེད། ཚད་ལེན་ཚོད་ལྟའི་ནང་ཞུགས་མཁན་རྒྱལ་ཁབ་དང་ས་ཁུལ་79ཡིས་ལོ་15ལ་སླེབས་པའི་སློབ་མར་དཔེ་འཐེན་ཚད་ལེན་ཚོད་ལྟ་བྱས་པའི་ཁྲོད་རང་རྒྱལ་གྱི་པེ་ཅིང་དང་། ཧྲང་ཧའེ། ཅང་སུའུ། ཀྲེ་ཅང་བཅས་ཞིང་ཆེན་དང་གྲོང་ཁྱེར་བཞི་ཚོགས་སྤྱི་ཞིག་ཡིན་པའི་ངོས་ནས་དཔེ་ཀློག་དང་། རྩིས་རིག ཚན་རིག་བཅས་ཁག་གསུམ་ཚང་མ་ཚད་ལེན་ཚོད་ལྟའི་ནང་ཞུགས་མཁན་རྒྱལ་ཁབ་དང་ས་ཁུལ་གྱི་ཨང་དང་པོ་ཐོབ་ཡོད་པ་རེད།