འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་6ཉིན།

༄༅༎ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ལེ་ཡུས་ཁྲེང་གིས་ང་ཚོར་རྐྱོང་བའི་ལག་རིང་སེམས་ཐག་གཙང་བཅད་ངང་གཅོད་རྒྱུ་ཡིན་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་06ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་5ཉིན་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ལེ་ཡུས་ཁྲེང་གིས་ཨའོ་མོན་དུ་ཨའོ་མོན་དུ་བཅའ་སྡོད་ཕྱི་འབྲེལ་པུའི་ཆེད་མངགས་པའི་ཀུང་ཧྲུའུ་བཙུགས་ནས་ལོ་20འཁོར་བའི་སྣེ་ལེན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
     ལེ་ཡུས་ཁྲེང་གིས་རྒྱལ་སྤྱིའི་ཐོག་གི་ཀྲུང་གོར་ངོ་རྒོལ་བྱེད་མཁན་སྟོབས་ཤུགས་ཁག་གཅིག་གིས་ཀྲུང་གོའི་འཕེལ་རྒྱས་མཐོང་འདོད་མེད་པ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་གྲུབ་འབྲས་མཐོང་འདོད་མེད་པ། ཀྲུང་གོ་མི་དམངས་འཚོ་བ་ཡག་པོ་སྐྱེལ་བ་མཐོང་འདོད་མེད་པར། ཐབས་བརྒྱ་ཇུས་སྟོང་ངང་ཤང་ཀང་དང་། ཤིན་ཅང་། ཐའེ་དབན་སོགས་ཀྱི་གནད་དོན་ཐད་རྩོད་གཞི་བཟོ་ཡི་ཡོད་པ་རེད། “ཤང་ཀང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་གཞི”ཟེར་བ་བཏོན་རྗེས་ཁ་སང་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མས་བསྐྱར་དུ“2019ལོའི་ཡུ་གུར་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྲིད་ཇུས་ཁྲིམས་གཞི”ཟེར་བ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱས་པ་རེད། དེ་ནི་ཀྲུང་གོའི་ནང་སྲིད་ལ་སླར་ཡང་རྩུབ་སྤྱོད་ཀྱིས་ཐེ་ཇུས་བྱས་པ་ཞིག་ཡིན་པས་དེར་ང་ཚོས་ཁོང་ཁྲོ་ཆེན་པོས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། སྤུན་ཟླ་ཨའོ་མོན་བ་ཚུད་པའི་ཀྲུང་གོ་བ་ཡོངས་ཀྱིས་རྡོག་རྩ་གཅིག་སྒྲིལ་ངང་མཐུན་སྒྲིལ་དང་། དཔའ་ངར་ཞུམ་མེད་ཀྱི་འཐབ་རྩོད་བྱས་ཏེ། སེམས་ཐག་གཙང་བཅད་ངང་ང་ཚོར་རྐྱོང་བའི་ལག་རིང་བཅད་ནས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་། རང་བཙན། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     ལེ་ཡུས་ཁྲེང་གིས་དེང་གི་ཀྲུང་གོ་ནི་སྔ་ས་ནས་ལོ་བརྒྱའི་གོང་གི་དབུལ་ཕོངས་ཉམས་ཞན་དང་གཞན་གྱིས་བརྙས་བཅོས་བྱེད་པའི་ཀྲུང་གོ་དེ་མིན། དེང་གི་ཀྲུང་གོར་འགལ་རྐྱེན་མཐའ་དག་སེལ་བ་དང་། ཨའོ་མོན་དང་ཤང་ཀང་དུ་དུས་རབས་གསར་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་གྲུབ་འབྲས་ཐོབ་པའི་ལག་ལེན་གྱི་ལེའུ་གསར་པ་རྩོམ་ཐུབ་པའི་ཡིད་ཆེས་དང་ནུས་པ་རྦད་དེ་ཡོད་པ་དང་། འགྲན་སློང་ཐམས་ཅད་ལས་རྣམ་པར་རྒྱལ་བ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་དང་། ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་ལ་བཀག་འགོག་བྱེད་པའི་ལྐོག་ཇུས་མཐའ་དག་ཐལ་བའི་རྡུལ་དུ་བརླག་པའི་ཡིད་ཆེས་དང་ནུས་པ་རྦད་དེ་ལྡན་ཡོད། ཀྲུང་ཧྭ་མི་རིགས་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་དར་རྒྱས་གོང་འཕེལ་འགྲོ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནི་སྟོབས་ཤུགས་གང་ཞིག་གིས་ཀྱང་བཀག་འགོག་བྱེད་མི་ཐུབ་ཅེས་ནན་བཤད་བྱས་པ་རེད།