འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་6ཉིན།

༄༅༎མདོ་ལ་རིང་མོར་བཅོས་སྐྱོང་བྱས་རྗེས། བདག་ཏུ་མ་བཟུང་བའི་སྲོག་ཆགས་གང་དགའ་གང་སྐྱིད་ངང་འཚོ་སྡོད་བྱེད་བཞིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་06ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་12ཚེས་4ཉིན་གློག་འཕྲིན་འབྱོར་གསལ། མདོ་ལ་རིང་མོའི་དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་ཀན་སུའུ་ཞིང་ཆེན་དོ་དམ་ཅུས་ཀྲང་ཡེ་ཡན་ལག་ཅུས་ཀྱི་ལས་དོན་མི་སྣས་དམར་ཕྱིའི་པར་ཆས་ཀྱིས་བླངས་པའི་བརྙན་པར་བསྡུ་ལེན་བྱས་རྗེས་གསའ་མང་པོ་ཞིག“བདུན་གཅིག”འཁྱགས་རོམ་ཁུལ་དུ་འཚོ་སྡོད་བྱེད་ཚུལ་ཤེས་རྟོགས་ཐུབ་པ་དང་། དེའི་ཁྲོད་ནས་པར་ཆས་གཞན་ཞིག་གིས་གསའ་གཉིས་རྩེད་འཇོར་རོལ་བཞིན་པ་དང་རང་བདག་ས་ཁོངས་སྲུང་བཞིན་པའི་བརྙན་པར་ཕབ་འཇུག་ཐུབ་ཡོད་པ་རེད།
     མདོ་ལ་རིང་མོའི་སྣོད་བཅུད་ཁོར་ཡུག་གི་གནད་དོན་བཅོས་སྒྲིག་བྱས་ཚུན། མིའི་རིགས་ཀྱི་འགུལ་སྐྱོད་བྱེད་ཉུང་དུ་བཏང་བས་བདག་ཏུ་མ་བཟུང་བའི་སྲོག་ཆགས་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་། གང་དགའ་གང་སྐྱིད་ངང་འཚོ་སྡོད་བྱེད་མཁན་ཡང་མང་དུ་ཕྱིན་ཡོད།
     དེ་སྔ“བདུན་གཅིག”འཁྱགས་རོམ་ནི་ས་གནས་དེ་གའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཡིན་པ་དང་། མདོ་ལ་རིང་མོའི་སྣོད་བཅུད་ཁོར་ཡུག་གནད་དོན་བཅོས་སྒྲིག་བྱས་རྗེས་རྦད་དེ་སྒོ་བརྒྱབ་པ་རེད། མདོ་ལ་རིང་མོའི་དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་ཀན་སུའུ་ཞིང་ཆེན་དོ་དམ་ཅུས་ཀྲང་ཡེ་ཡན་ལན་ཅུས་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་བརྟག་དཔྱད་རུ་ཁག་གི་འགན་འཁུར་བ་མ་ཏུའེ་ཧྥང་གིས། གསའ་ནི་མདོ་ལ་རིང་མོའི་སྣོད་བཅུད་ཁོར་ཡུག་ལེགས་སུ་ཕྱིན་པའི་མངོན་ཚུལ་གལ་ཆེན་ཞིག་རེད། དེའི་ཁྱབ་ཚུལ་དང་ཁྱུ་ཚོགས་ཀྱི་གྲངས་འབོར་ནི་སྣོད་བཅུད་མ་ལག་དང་། དེ་བཞིན་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་འཐུས་སྒོ་ཚང་མིན་གྱི་མཚོན་ཚུལ་གལ་ཆེན་གྱི་གྲས་ཤིག་རེད་ཅེས་བརྗོད་པ་དང་། ཁོང་གིས“གསའ་མདོ་ལ་རིང་མོའི་ས་ཆ་མང་པོར་མཐོང་རྒྱུ་ཡོད་པ་དེས་ས་ཁོངས་དེ་གའི་སྣོད་བཅུད་ཁོར་ཡུག་སྤྱིའི་ཆ་ནས་ཡག་པོ་ཡོད་པ་གསལ་བཤད་ཐུབ”ཅེས་བརྗོད་པ་རེད།
     མདོ་ལ་རིང་མོ་ནི་རྨ་ཆུ་རྒྱུག་ཁུལ་གྱི་ཆུ་འགོ་གལ་ཆེན་ཞིག་རེད་ལ། རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་ས་ཁོངས་གལ་ཆེན་ཞིག་ཀྱང་རེད། འདས་ཟིན་པའི་དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་རིང་། མདོ་ལ་རིང་མོར་གསར་སྤེལ་ཐེངས་མང་བྱས་པ་སྟེ། ནགས་ཚལ་གཅོད་འབྲེག་དང་། གཏེར་རི་སྔོག་འདོན། ཆུ་ཤུགས་གློག་ཁང་ཆུང་གྲས་གསར་སྤེལ་སོགས་ཀྱི་སྒྲིག་སྲོལ་མེད་པའི་མིའི་རིགས་ཀྱི་འགུལ་སྐྱོད་ལས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་འཚོ་སྡོད་བྱ་ཡུལ་བཙན་བཟུང་དང་ཆུང་དུ་བཏང་ཡོད།
     2017ལོའི་ཟླ་7པར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ཀན་སུའུ་མདོ་ལ་རིང་མོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་ཁོར་ཡུག་གི་གནད་དོན་བཅོས་སྒྲིག་བྱེད་དགོས་པའི་བརྡ་ཁྱབ་བཏང་རྗེས། མདོ་ལ་རིང་མོའི་རྒྱུད་དུ“ལོ་རྒྱུས་ཐོག་ནན་ཤོས”ཀྱི་འགན་འཁྲི་རྩད་གཅོད་དང་སྣོད་བཅུད་ཁོར་ཡུག་གི་གནད་དོན་བཅོས་སྒྲིག་དང་དག་ཐེར་བྱེད་འགོ་ཚུགས་པ་རེད།