འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་5ཉིན།

༄༅།།བོད་ལྗོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་སྒོ་དབྱེའི་ཉིན་མོར་ཁྲིམས་ལུགས་
ཞབས་ཞུ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་05ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་སྒོ་དབྱེའི་ཉིན་མོར་ཁྲིམས་ལུགས་
ཞབས་ཞུ་སྤེལ་བ།
     མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་སྐབས་གཉིས་པའི་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་དེ་ཚེས་3ཉིན་ལྷ་སར་སྤེལ་བ་རེད། དེའི་དམིགས་ཡུལ་ནི་མང་ཚོགས་ཀྱི་རྩ་ཁྲིམས་ཀྱི་འདུ་ཤེས་དང་། བཅའ་ཁྲིམས་ཀྱི་འདུ་ཤེས་སྔར་ལས་ལྷག་པའི་ངང་ཆེ་རུ་གཏོང་བ་དང་།  བོད་ལྗོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་ཀའི་གསལ་ཚད་དང་།  སྒོ་འབྱེད་ཚད་དངོས་གནས་མཐོ་རུ་བཏང་ནས། མང་ཚོགས་ཀྱིས་ཁྲིམས་འཛིན་སྲིད་འཛིན་ལས་ཀར་བློ་ཡིད་ཚིམ་ཚད་དང་ཁས་ལེན་ཚད་མཐོ་རུ་གཏོང་རྒྱུ་དེ་རེད།
      ཐེངས་འདིའི་བྱེད་སྒོས་“རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ། ཁྲིམས་འཛིན་སྲིད་འཛིན་ལོ་ངོ་70”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས། བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་བོད་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་དང་། ཁྲིམས་རྩོད་པ། མང་ཚོགས་ཀྱི་འཐུས་མི། དེ་བཞིན་མཐོ་སློབ་དང་སློབ་འབྲིང་གི་དགེ་སློབ་ཀྱི་འཐུས་མི་བཅས་གདན་འདྲེན་ཞུས་ཏེ་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་གྱི་སྤྱི་པའི་ཁྲིམས་ལུགས་ཞབས་ཞུ་ལྟེ་གནས་དང་། བོད་ལྗོངས་ཁྲིམས་ལུགས་ཁྱབ་གདལ་འཛུགས་སྐྱོང་གྲུབ་འབྲས་བཤམས་སྟོན་ཁང་། བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་བཀོད་འདོམས་ལྟེ་གནས་བཅས་སུ་ལྟ་སྐོར་བྱས་ནས། ཁྲིམས་འཛིན་སྲིད་འཛིན་ལས་ཀའི་གོ་རིམ་དང་འོས་འགན་ཤེས་རྟོགས་བྱས་པ་རེད།
【1】  【2】
༄༅།།བོད་ལྗོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་སྒོ་དབྱེའི་ཉིན་མོར་ཁྲིམས་ལུགས་
ཞབས་ཞུ་སྤེལ་བ།