འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་5ཉིན།

༄༅༎ཁྲའོ་ཞན་མི་དམངས་དམག་གི་སྤྱི་ཁྱབ་དྲག་ཇུས་དམག་དཔོན་གྱིས་ཨ་རིའི་ཙུང་ཐུང་གི་གཏམ་བརྗོད་ལ་བློ་ཕམ་བྱུང་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་05ཉིན། 13:05】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
      མི་དམངས་དྲ་བའི་འཕྲིན། ཚེས་4ཉིན། ཁྲའོ་ཞན་མི་དམངས་དམག་གི་སྤྱི་ཁྱབ་དྲག་ཇུས་དམག་དཔོན་ཕིའོ་ཀྲེང་ཐེན་གྱིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའི་ཚེས་3ཉིན་གྱི་ཁྲའོ་ཞན་དང་འབྲེལ་བ་ཡོད་པའི་གཏམ་བརྗོད་ལ་བློ་ཕམ་ཆེན་པོ་བྱུང་ཞེས་བརྗོད་པ་དང་། ཁྲའོ་ཞན་གྱིས་འཕྲད་སྲིད་པའི་བདེ་འཇགས་འཇིགས་སྐུལ་ལ་དམིགས་ནས་བབ་མཚུངས་ཀྱི་བྱེད་ཐབས་སྤྱོད་སྲིད་ཅེས་བཤད་པ་རེད། 
      ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་3ཉིན་ཐེ་རོན་ཕུས་ལོན་ཏོན་དུ་བྱང་ཆིངས་དབུ་ཚོགས་ལ་ཞུགས་སྐབས་ཁྲའོ་ཞན་ལ་དམིགས་ནས“དྲག་ཤུགས་སྤྱོད་པའི”སྐོར་གླེང་པར་དམིགས་ནས་ཕིའོ་ཀྲེང་ཐེན་གྱིས“ངས་རྣམ་འགྱུར་གསལ་པོ་སྟོན་དོན། གལ་ཏེ་ཨ་རིས་ཁྲའོ་ཞན་ལ་དམིགས་ནས་དྲག་ཤུགས་གང་རུང་སྤྱད་ཚེ་ཁྲའོ་ཞན་གྱིས་ཀྱང་དེ་མཚུངས་ཀྱི་ཆུ་ཚད་ཐོག་ཁ་གཏད་མགྱོགས་མྱུར་གཅོག་རྒྱུ་ཡིན”ཞེས་བརྗོད། ཁོང་གིས“རང་རྒྱལ་གྱི་དྲག་ཤུགས་སྤྱོད་རྒྱུ་དེ་ཨ་རིའི་དམིགས་བསལ་དབང་ཆ་ཙམ་མིན”ཞེས་ནན་བཤད་བྱས་པ་རེད། 
      ད་ལོའི་ཟླ་4པར་ཁྲའོ་ཞན་གྱི་ཆེས་མཐོའི་འགོ་ཁྲིད་ཅིན་ཀྲེང་ཨེན་གྱིས་ལོ་མཇུག་བར་དུ་ཨ་རིས་སྟབས་བསྟུན་དངོས་སྒྲུབ་ཀྱི་རྣམ་འགྱུར་ཐོག་ནས་ཁྲའོ་ཞན་དང་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་བཟོ་བའི་གནད་དོན་ཐད་གྲོས་མཐུན་འཇོག་ཐུབ་པའི་རེ་བ་ཡོད། དེ་མིན་ན་ཁྲའོ་ཞན་ལམ་གསར་པ་ཞིག་ཏུ་བསྐྱོད་རྒྱུ་ཡིན་ཞེས་བཤད་པ་རེད།