འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་5ཉིན།

༄༅༎ཧུའུ་ནན་ལིའུ་དབྱང་གི་ཤོག་སྦག་བཟོ་གྲྭ་ཞིག་ལ་འབར་གས་ཀྱི་དོན་རྐྱེན་ཐོན་ནས་མི་7རྐྱེན་ལམ་དུ་ཤོར་བ་དང་མི་13ལ་རྨས་སྐྱོན་ཕོག་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་05ཉིན། 11:51】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཁྲང་ཧྲ་གྲོང་ཁྱེར་དྲ་འཕྲིན་གཞུང་དོན་ཁང་གི་སྐད་འཕྲིན་སྟེགས་བུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་12ཚེས་4ཉིན་གྱི་སྔ་དྲོའི་ཆུ་ཚོད་7:50ཙམ་ལ་ཧུའུ་ནན་ཞིང་ཆེན་ལིའུ་དབྱང་གྲོང་ཁྱེར་ཏེང་ཐན་ཅང་གྲོང་རྡལ་པི་ཤིས་ཤོག་སྦག་བཟོ་སྐྲུན་ཚད་ཡོད་ཀུང་སིས་ཁྲིམས་འགལ་ངང་ཤོག་སྦག་ཐོན་སྐྱེད་བྱས་པས་འཁོར་ཁང་ཞིག་ཏུ་འབར་གས་ཀྱི་དོན་རྐྱེན་ཐོན་པ་རེད། ཞིབ་བཤེར་བྱས་པ་བརྒྱུད། མིག་སྔའི་བར་དོན་རྐྱེན་ནང་མི་7རྐྱེན་ལམ་དུ་ཤོར་བ་དང་མི་13ལ་རྨས་སྐྱོན་ཕོག་ཡོད་པ་རེད།
     ཀུང་སི་དེའི་འགན་འཁུར་བ་དང་མ་རྩ་གཏོང་མཁན་སྤྱི་བདེ་ལས་ཁུངས་ཀྱིས་ཚོད་འཛིན་བྱས་པ་དང་དོན་རྐྱེན་ཐོན་ཡུལ་བཀག་སྡོམ་བྱས་ནས་ཆེད་ལས་མི་སྣའི་མཛུབ་ཁྲིད་འོག་གོ་རིམ་ལྡན་པའི་ངང་ཡུལ་དངོས་གཙང་བཤེར་བྱས་ནས་དོན་རྐྱེན་ཆེ་རུ་མི་འགྲོ་བ་བྱས་ཡོད།
     མིག་སྔར་རྨས་མར་ཕྱོགས་ཡོངས་ནས་སྐྱོབ་བཅོས་བྱེད་བཞིན་ཡོད་པས་སྲོག་ཉེན་མེད་པ་རེད། དོན་རྐྱེན་བརྟག་དཔྱད་ཚོགས་ཆུང་བཙུགས་ནས། ཁྲིམས་ལྟར་དོན་རྐྱེན་ལ་བརྟག་དཔྱད་བྱས་ཏེ་འགན་འཁྲི་རྩད་གཅོད་དང་འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུ་རེད། དེ་དང་ཆབས་ཅིག་གཅིག་ཤེས་ཀུན་གྲོལ་གྱིས་ཧུའུ་ནན་ཞིང་ཆེན་ཡོངས་ཀྱི་ཤོག་སྦག་ཁེ་ལས་ལ་ཁྱོན་ཡོངས་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཡོད་པ་རེད།
     དོན་རྐྱེན་ཐོན་རྗེས་ཧུའུ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཏུའུ་ཅ་ཧའོ་དང་ཧྲེང་ཀྲང་ཞུས་ཏ་ཀྲེ་སོ་སོས་མཆན་འགོད་མཛུབ་སྟོན་གནང་ནས། ཞིང་ཆེན་གྱི་ལས་བགོས་འགན་འཁུར་འགོ་ཁྲིད་དང་། ཁྲང་ཧྲ་གྲོང་ཁྱེར་དང་ལིའུ་དབྱང་གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་དོན་རྐྱེན་ཐོན་ཡུལ་དུ་དོན་རྐྱེན་ཐག་བཅད་ལ་བཀོད་འདོམས་བྱེད་པ་དང་། དོན་རྐྱེན་ལ་བརྟག་དཔྱད་ཐག་གཅོད་བྱས་འབྲས་དུས་ཐོག་ཏུ་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱེད་དགོས་པ་བསྟན་ཡོད།