འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་5ཉིན།

༄༅།།རང་རྒྱལ་གྱི་ཁྲིམས་ལུགས་ཁྱབ་གདལ་གཞོན་ནུ་དང་བླངས་པས་ཁྲིམས་ལུགས་ཁྱབ་གདལ་བཏང་བ་བརྒྱུད་
ཕན་པ་ཐོབ་མཁན་མི་ཐེངས་དུང་ཕྱུར་གཅིག་ལས་བརྒལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་05ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཞན་ཉིང་ནས་ཟླ་12ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་2ཉིན། ཀྲུང་གོ་ཁྲིམས་རིག་པ་ཚོགས་པས། ཧུའུ་པེའི་ཞན་ཉིང་དུ་ཁྲིམས་ལུགས་ཁྱབ་གདལ་གཏོང་མཁན་གཞོན་ནུ་དང་བླངས་པའི་ཁྲིམས་སྐྱོང་རིག་གནས་ཀྱི་གཞི་རིམ་བྱ་སྤྱོད་བྱེད་སྒོའི་ལས་ཡུལ་དངོས་ཀྱི་སྐུལ་འདེད་ཚོགས་འདུ་འཚོགས་ཤིང་། བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་གཞོན་ནུ་དང་བླངས་པའི་ཁྲིམས་སྐྱོང་རིག་གནས་ཀྱི་གཞི་རིམ་བྱ་སྤྱོད་བྱེད་སྒོ་དེ་ནི། ཀྲུང་གོ་ཁྲིམས་རིག་པ་ཚོགས་པ་དང་། ཁྲིམས་འཛིན་པུའུ། སྡེ་ཚོགས་ཀྲུང་དབྱང་བཅས་ཀྱིས་ཁོངས་གཏོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། མཉམ་དུ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་གཞོན་ནུ་དང་བླངས་པ་སྒྲིག་འཛུགས་བྱས་ནས། གཞི་རིམ་ལ་སྤེལ་བའི་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་ཞིག་དང་། ཏང་ཀྲུང་དབྱང་གི་འབྲེལ་ཡོད་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད།
     ཀྲུང་གོ་ཁྲིམས་རིག་པ་ཚོགས་པའི་ཚོགས་གཙོ་གཞོན་པ་ཀྲང་སུའུ་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2012ལོར་བྱེད་སྒོ་དེ་སྤེལ་ཚུན། གཞི་རིམ་དུ་བསྐྱོད་པའི་བྱེད་སྒོ་དེ་རྒྱལ་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ས་ཁུལ)2000ལྷག་ཙམ་ལ་ཁྱབ་ཡོད། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། འདི་ལོ་བྱེད་སྒོར་ཞུགས་མཁན་དང་བླངས་པ་ཁྲི་47ཟིན་པ་དང་། ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་དཔྱད་ཡིག་དེབ་ཁྲི་7800ལྷག་ཙམ་བཀྲམ་པ། ཁྲིམས་ལུགས་ཁྱབ་གདལ་བཏང་བ་བརྒྱུད་ཐད་ཀར་ཕན་པ་ཐོབ་མཁན་མི་ཐེངས་དུང་ཕྱུར་གཅིག་ལས་བརྒལ་བ་མ་ཟད། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ནས་ཁྲིམས་ལུགས་ཁྱབ་གདལ་ནང་ཞུགས་པའི་རྣམ་པ་ཆེན་པོ་ཆགས་རྒྱུ་དང་། དམངས་ཡོངས་ལ་ཁྲིམས་ལུགས་ཁྱབ་གདལ་ཤུགས་ཆེན་གཏོང་རྒྱུ། ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་བཅས་ལ་ནུས་པ་གལ་ཆེན་འདོན་སྤེལ་བྱས་པ་དང་འབྲེལ་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་སློབ་གསོའི་སྤུས་རྟགས་གལ་ཆེན་དུའང་གྱུར་ཡོད་པ་རེད།