འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་5ཉིན།

༄༅༎སྲིད་གཙང“སློབ་ཁྲིད་ཆུང་ངུར”བརྟེན་ནས་གྲོང་གསེབ་ཏུ་སྒྲོག་འགྲེལ་རྒྱ་ཁྱབ་བྱེད།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་05ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཅང་ཤིས་ཞིང་ཆེན་ཕོ་དབྱང་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་རྫོང་དེ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྔར་བས་ཤེས་རྟོགས་ཐུབ་ཆེད། སྲིད་གཙང“སློབ་ཁྲིད་ཆུང་ངུའི”བྱེད་ཐབས་ཐོག་མར་སྤྱད་པ་དང་འབྲེལ། རྫོང་སྒྲིག་ཨུད་ཀྱིས་ཆེད་ལས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་རྫོང་ཡོངས་ཀྱི་ཤང་དང་གྲོང་ཚོར་བསྐྱོད་དེ་སློབ་ཁྲིད་བྱས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་དེ་བཞིན་ཏང་གི་འབྲེལ་ཡོད་ཁྲིམས་སྲོལ་དང་སྲོལ་ཡིག་སོགས་ཀྱི་ཤེས་བྱ་ཏང་ཡོན་ཚང་མའི་སེམས་ནང་ཟུག་པར་བྱས་པ་མ་ཟད། དུས་རྟག་ཏུ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་སྦྱངས་པ་གོ་ཆོད་ཐུབ་པའི་དྲན་སྐུལ་ཡང་བྱས་ཏེ། སྤྱོད་གཙང་རང་འདོམས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཚད་དང་མཐུན་པའི་ཏང་ཡོན་ཞིག་བྱ་རྒྱུའི་སྐུལ་ལྕག་བྱས།