མི་དམངས་དྲ་བ།

༄༅༎རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ་བ། ཙུང་ལི་ལི་ཁེ་ཆང་གིས་
དམ་བཅའ་འཇོག་པར་ལྟ་སྐུལ་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་04ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་12ཚེས་3ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིང་ཀྲུང་ནན་ཧའེ་རུ་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་དམ་བཅའ་འཇོག་པར་ལྟ་སྐུལ་གནང་བ་རེད།

ཟླ་12ཚེས་3ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིང་ཀྲུང་ནན་ཧའེ་རུ་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་དམ་བཅའ་འཇོག་པར་ལྟ་སྐུལ་གནང་བ་རེད།

     མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་3ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་ནན་ཧའེ་རུ་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་དམ་བཅའ་འཇོག་པར་ལྟ་སྐུལ་གནང་བ་རེད། 
     《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང《རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་སྡེ་ཚན་ཁག་གིས་བསྐོ་གཞག་བྱས་པའི་རྒྱལ་ཁབ་ལས་དོན་མི་སྣའི་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་སྒྲིག་འཛུགས་བྱ་ཐབས》གཞིར་བཟུང་། 2019ལོའི་ཟླ་7པ་ནས་11པའི་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྐོ་གཞག་བྱས་པའི་སྡེ་ཚན་དང་ཚན་པ་14ཡི་འགན་འཁུར་བ་16གིས་ཁྲིམས་ལྟར་རྩ་ཁྲིམས་ལ་དམ་བཅའ་བཞག་པ་རེད།
     སྔ་དྲོའི་ཆུ་ཚོད་11ཙམ་ལ། རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཅིག་ལྕོགས་ཡིན་པའི་ཞའོ་ཅེ་ཡིས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་པ་རེད། ཚང་མ་ཡར་བཞེངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་དང་། དེ་རྗེས་དམ་བཅའ་སྣེ་ཁྲིད་པས་ལག་པ་རྩ་ཁྲིམས་ཐོག་ལ་བཞག་ནས་དམ་ཚིག་གྱེར་འདོན་གྱི་སྣེ་ཁྲིད། དམ་བཅའ་འཇོག་མཁན་གཞན་དག་རྒྱབ་ཕྱོགས་སུ་རུ་སྟར་བསྒྲིགས་ནས་མཉམ་དུ་དམ་ཚིག་གྱེར་འདོན་བྱས་པ་རེད། 
     དམ་བཅའ་བཞག་རྗེས། ལི་ཁེ་ཆང་གིས་རྩ་ཁྲིམས་ལ་བློ་དཀར་སེམས་དཀར་བྱེད་པ་དང་བཅའ་ཁྲིམས་བརྩི་སྲུང་ཞུ་བ་ནི་གཞུང་དོན་སྒྲུབ་མཁན་ཚང་མས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་གཞི་རྩའི་རྩ་དོན་ཞིག་ཡིན་པ་དང་། མི་དམངས་ལ་འཚོ་བ་ཡག་པོ་སྐྱེལ་དུ་འཇུག་པ་ནི་གཞུང་དོན་སྒྲུབ་མཁན་ཚང་མས་སེམས་ལ་བཅང་དགོས་པའི་འབད་འཐབ་དམིགས་འབེན་ཞིག་རེད་ཅེས་གསུངས། ཁོང་གིས་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་། དམངས་ཆེད་འགན་འཁྲི་སྒྲུབ་པ། དངོས་སྒྲུབ་ཀྱིས་འགན་འཁྲི་སྒྲུབ་པ། སྤྱོད་གཙང་གིས་འགན་འཁྲི་སྒྲུབ་པ་བཅས་དང་། སྣེ་ཁྲིད་དེ་ཁྲིམས་བརྩི་བ་དང་། ཁྲིམས་སྦྱོང་བ། ཁྲིམས་སྲུང་བ། ཁྲིམས་སྤྱོད་པ་བཅས་བྱེད་པ་དང་། སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་ཧུར་ཐག་གཏོང་བ། འགག་སྒྲོལ་དཀའ་སེལ་ཁྲོད་འགན་འཁྲི་འཁུར་ཕོད་པ་མངོན་པར་བྱེད་པ། དོན་འཁྱོལ་དམ་འཛིན་བྱེད་པའི་ཁྲོད་དུ་བྱས་རྗེས་མངོན་པར་བྱེད་པ། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་སྲུང་དང་། དབང་ཆ་དྲང་གཞག་གིས་སྤྱོད་པ་ནན་སྲུང་། ཧུར་བརྩོན་དང་གྲོན་ཆུང་ངང་ལས་དོན་སྒྲུབ་པ། གྲོན་ཆུང་ནན་སྒྲུབ་བཅས་བྱས་ནས། བརྩེ་སེམས་གཅིག་སྒྲིལ་གྱིས་མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་དང་རེ་སྒུག་ཆེ་ཤོས་བྱེད་པའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་ཕྱར་བ་གྲུ་འདེགས་ངང་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད། 
     རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་དང་། ཧུའུ་ཁྲུན་ཧྭ། ལིའུ་ཧོ། རྒྱལ་སྲིད་ཨུ་ཡོན་ཝང་ཡུང་དང་ཝང་དབྱི། དེ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་སོགས་མཛད་སྒོར་ཞུགས་ཡོད་པ་རེད།

  
style="display:none;"