འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་4ཉིན།

༄༅།།ཟླ་ཚེས་སྐ་ཁུག་འཁྲིས་ཀྱི་གྲོང་ཚོ་ཆུང་ཆུང་ལ་རྣམ་པ་གསར་དུ་བརྗེ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་04ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཟླ་ཚེས་སྐ་ཁུག་འཁྲིས་ཀྱི་གྲོང་ཚོ་ཆུང་ཆུང་ལ་རྣམ་པ་གསར་དུ་བརྗེ།
     མི་དམངས་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཁྱུང་མཆུ་རྫོང་ཨ་མཆོག་གྲོང་རྡལ་ཧུ་ར་སྨད་མ་གྲོང་ཚོ་ནི་ཡིག་ཚགས་བཟོས་པའི་དབུལ་ཕོངས་གྲོང་ཚོ་ཞིག་ཡིན། དེའི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་མུའུ་ཁྲི་48.2ཡོད་ཅིང་། འབྲོག་པ་དག་མའི་གྲོང་ཚོ་ཞིག་རེད། 2013ལོའི་སྔོན། གྲོང་ཚོ་དེའི་རྨང་གཞི་སྒྲིག་ཆས་ཞན་ལ་གནས་སྡོད་ཁོར་ཡུག་ངན་ཞིང་། ཐོན་ལས་འཕེལ་རྒྱས་རྗེས་ལུས་ཡིན་པ་དང་། མང་ཚོགས་ཕྱུག་འགྱུར་གྱི་ལམ་ཁ་ཉུང་བས་དཔེ་མཚོན་རང་བཞིན་གྱི་དབུལ་ཕོངས་རྗེས་ལུས་ཀྱི་གྲོང་ཚོ་ཞིག་རེད།
    རྒྱལ་ཁབ་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་། ཧུ་ར་སྨད་མ་གྲོང་ཚོའི་རྣམ་པ་ལ་འགྱུར་བ་བྱུང་སྟེ། གྲོང་ཚོའི་ནང་གི་ལམ་བུ་སྲ་ཞིང་མཁྲེགས་པོར་གྱུར་བ་དང་། ལམ་ཁར་གློག་སྒྲོན་བཙུགས་ཤིང་། ཆུ་སྦུག་ཁྱིམ་དུ་ཁྲིད་ནས་ཆུ་གཙང་མ་ཡིན་པ། རྨང་གཞིའི་སྒྲིག་ཆས་ལེགས་བཅོས་བྱུང་ལ། གནས་སྡོད་ཁོར་ཡུག་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། 
     ཧུ་ར་སྨད་མ་གྲོང་ཚོ་ནི་རྒྱལ་ཁབ་ཀྱི་Aབཞི་རིམ་པའི་མཛེས་ལྗོངས་ཁུལ་ཟླ་ཚེས་སྐ་ཁུག་དང་ཁྱིམ་མཚེས་ཡིན་ཞིང་། རྒྱལ་ལམ་245ལ་ཆགས་ཡོད། ས་ཁམས་ཀྱི་གནས་ཡུལ་ལེགས་ཤིང་། གྲོང་ཚོ་ནི་རི་ཆུར་བརྟེན་ནས་ཡོད་པས་རང་བྱུང་གི་ཁོར་ཡུག་མཛེས་སྡུག་ལྡན་པ་ཞིག་ཡོད། གྲོང་ཚོ་དེས་ཟླ་ཚེས་སྐ་ཁུག་མཛེས་ལྗོངས་ཁུལ་གྱི་ཧུ་ར་སྨད་མ་གྲོང་ཚོའི་རྩྭ་ཐང་དང་ཆུ་བོ། དྭངས་གཙང་གི་མཁའ་དབུགས། དེ་བཞིན་དུ་བོད་མི་རིགས་ཀྱི་འབྲོག་པའི་འཚོ་བ་སོགས་ཀྱིས་གྲུབ་པའི་དམིགས་བསལ་ལུགས་སྲོལ་གོམས་གཤིས་ལ་བརྟེན་ནས་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་ས་དང་། དམངས་སྲོལ་སྣེ་ལེན། བོད་ལུགས་སྲོལ་རྒྱུན་བཟོ་ལས་སྒྱུ་རྩལ་ཐོན་རྫས་བཟོ་སྐྲུན་གྱི་ཐོན་ལས་བསྐྲུན་ཡོད་ཅིང་། མང་ཚོགས་རྣམས་རིག་གནས་ཡུལ་སྐོར་ལས་གཉེར་བྱེད་པར་བཀུགས་ཏེ། དེ་ལ་བརྟེན་ནས་ཧུ་ར་སྨད་མ་གྲོང་ཚོའི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་རིམ་པ་སྤར་ཡོད་ལ། མང་ཚོགས་རྣམས་གྲོང་ཚོ་ལས་ཕྱིར་འགྲོ་མི་དགོས་པར་ཕྱུག་པོར་འགྱུར་ཞིང་ཡོང་འབབ་འཕར་ཐུབ་པར་སྣེ་ཁྲིད་བྱས་ཡོད། 
【1】  【2】
༄༅།།ཟླ་ཚེས་སྐ་ཁུག་འཁྲིས་ཀྱི་གྲོང་ཚོ་ཆུང་ཆུང་ལ་རྣམ་པ་གསར་དུ་བརྗེ།