འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་4ཉིན།

༄༅།།དཀར་མཛེས་ཀྲོའུ་ཡིས་དྲ་ཐོག་ཚོང་དོན་གྱི་དབུལ་སྐྱོར་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་04ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། འོད་ཟེར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཁྲེང་ཏུའུ་གྲོང་ཁྱེར་ཝུའུ་ཧའུ་ཆུས་ཙེ་ཝེ་ཤར་ལམ་དུ་གནས་པའི“དག་གཙང་དཀར་མཛེས་ཀྱི་དབུལ་སྐྱོར་ཚོང་ཁང་ཨ་མ”ཟླ་11ཚེས་30ཉིན་གཟབ་རྒྱས་ངང་སྒོ་ཕྱེ་བ་དེ་ཐོག་ནས་དཀར་མཛེས་ཀྲོའུ་ཡིས་དྲ་ཐོག་ཚོང་དོན་དབུལ་སྐྱོར་བྱེད་སྟངས་འཚོལ་ཞིབ་བྱེད་པའི་ཐད་གོམ་པ་གསར་པ་ཞིག་སྤོས་པ་མཚོན་ཡོད།
    “དག་གཙང་དཀར་མཛེས་ཀྱི་དབུལ་སྐྱོར་ཚོང་ཁང་ཨ་མ”ནི་དཀར་མཛེས་ཀྲོའུ་ཡི་དག་གཙང་དཀར་མཛེས་དྲ་ཐོག་ཚོང་དོན་ཚད་ཡོད་ཀུང་སིས་གཉེར་འགན་འཁུར་བའི་དྲ་ཐོག་དང་། དྲ་ཕྱི། སྡེ་ཁུལ་བཅས་ཟུང་འབྲེལ་ངང་འཁོར་རྒྱུག་བྱེད་པའི་རྣམ་པ་བརྒྱུད། དཀར་མཛེས་ཀྲོའུ་ཡི་སྤུས་ལེགས་ཞིང་ཞོར་ཐོན་ཟོག་གཙོ་བོར་འཚོང་བའི་དྲ་ཐོག་ཚོང་དོན་གྱི་དབུལ་སྐྱོར་སྒོ་རྩིས་ཚོང་ཁང་ཞིག་ཡིན་ཞིང་། ཚོང་ཁང་དེ་ནི་ཁྲེང་ཏུའུ་ཝུའུ་ཧའུ་ཆུས་ལྷ་སྡོང་སྡེ་ཁུལ་ཙེ་ཝེ་ཤར་ལམ་དུ་གནས་པ་དང་། རྒྱ་ཁྱོན་སྨི་ངོས་གྲུ་400ལྷག་ཙམ་ཟིན་པ། ཚོང་ཁང་ནང་དཀར་མཛེས་ཀྲོའུ་ཡི་རྫོང་དང་གྲོང་ཁྱེར་18ཀྱི་ཞིང་ཞོར་ཁྱད་ལྡན་ཐོན་ཟོག་ཉིས་བརྒྱ་ལྷག་ཙམ་ཡོད་པ་རེད།
      སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་ནི་རྒྱལ་ཁབ་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གྲས་ཤིག་ཡིན་ལ། རིག་གནས་ཀྱི་ནང་དོན་ཟབ་མོ་ལྡན་པ་དང་། ཡུལ་དེ་གའི་རང་བྱུང་མཛེས་ལྗོངས་ཉམས་དགའ་ལ་རི་སྐྱེས་རྩི་ཤིང་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་རྩྭ། རི་སྐྱེས་ཤ་མོ་སོགས་རྩ་ཆེའི་ཐོན་ཁུངས་ཧ་ཅང་འབེལ་པོ་ཡོད། དེ་ནི་རྒྱལ་ཡོངས་ཀྱི་རྩྭ་ཐང་གི་འབྲོག་ལས་རྟེན་གཞི་ཆེ་གྲས་ལྔའི་གྲས་ཤིག་དང་། སི་ཁྲོན་གྱི་ནས་ཐོན་སྐྱེད་རྟེན་གཞི་དང་། བཟའ་བྱའི་ཤ་མོ་ཕྱིར་གཏོང་རྟེན་གཞི། སྔོ་ཚལ་རྟེན་གཞི་དང་ཁྱད་ལྡན་ཞིང་འབྲོག་ཐོན་ཟོག་རྟེན་གཞི་བཅས་ཆེ་ཤོས། རྒྱལ་ཡོངས་ཀྱི“བེ་ཤ་ཐོན་ཡུལ”དང“ཤ་མོ་ལུག་གྲོད་མ་ཐོན་ཡུལ”བཅས་རེད།
     དཀར་མཛེས་ཀྲོའུ་ཡི་ལེགས་ཆའི་ཐོན་ཁུངས་སྔོག་འདོན་གང་ལེགས་ཀྱིས་ཐོན་ཁུངས་འགྲོ་རྒྱུག་ཐབས་ལམ་གཏོད་ཆེད། དཀར་མཛེས་ཀྲོའུ་སྲིད་གཞུང་གིས་གནད་སྨིན་དབུལ་སྐྱོར་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་དང་། དྲ་ཐོག་ཚོང་དོན་དང་དབུལ་སྐྱོར་ཟུང་འབྲེལ་ཚོད་ལྟ་བྱས་ཏེ་དྲ་ཐོག་ཚོང་དོན་གྱི་སིལ་ཚོང་དང་ཚོགས་སྤྱིའི་སིལ་ཚོང་གསར་པ་ཟུང་འབྲེལ་གྱི་ཞིང་ཞོར་ཐོན་ཟོག་གི་དྲ་ཐོག་ཚོང་དོན་གྱི་སིལ་ཚོང་བྱེད་སྟངས་གསར་པ་ཞིག་འཚོལ་ཞིབ་བྱས་ནས་དབུལ་སྐྱོར་ཐོན་རྫས་ཚོང་ཟོག་ཅན་དང་སྤུས་རྟགས་ཅན་དུ་འགྱུར་མགྱོགས་སུ་བཏང་བས་དྲ་ཐོག་ཚོང་དོན་ལས་དབུལ་སྐྱོར་ལ་དངོས་སུ་སྣེ་ཁྲིད་ཐུབ་པ་རེད།