འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་3ཉིན།

༄༅།།ཡར་ཀླུང་དངོས་ཟོག་བརྗེ་རེས་ཚོང་འདུས་སྐབས་39པ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་03ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཡར་ཀླུང་དངོས་ཟོག་བརྗེ་རེས་ཚོང་འདུས་སྐབས་39པ་འགོ་ཚུགས་པ།
     མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་1ཉིན་གྱི་སྔ་དྲོ། ཆུ་ཚོད་གསུམ་ཙམ་གྱི་རིང་ལ་ཉོ་ཚོང་བྱས་པ་བརྒྱུད། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་སྡོད་དམངས་བསྟན་ཆོས་ཀྱིས་ཅ་ལག་འཁུར་ནས་ཕྱིར་ལོག སྣེ་གདོང་ཆུས་ལོ་ཆུང་ཚོང་འདུས་ནས་རླངས་འཁོར་བཏང་སྟེ་ཕྱིར་ལོག་སྐབས། ལམ་ཁ་རུ་ཁྲོམ་ར་དེར་ཡོང་བའི་སྒེར་གྱི་རླངས་འཁོར་མང་པོས་སྔ་མོ་ནས་སྟར་རིང་པོ་བསྒྲིགས་འདུག 
     ཉིན་དེར། “ཡུལ་གནས་གསར་པ་དང་། རྣམ་པ་གསར་པ། དུས་སྟོན་གསར་པ། ཚོང་རྟགས་གསར་པ”བཅས་བརྗོད་དོན་བྱེད་པའི་ཡར་ཀླུང་དངོས་ཟོག་བརྗེ་རེས་ཚོང་འདུས་སྐབས་སོ་དགུ་པ་(གཤམ་དུ་དངོས་ཟོག་བརྗེ་རེས་ཚོང་འདུས་ཞེས་འབྲི་རྒྱུ)བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སུ་འགོ་ཚུགས་པ་དང་། 1981ལོ་ནས་བཟུང་། ཡར་ཀླུང་དངོས་ཟོག་ཚོང་འདུས་སྐབས་38རྒྱལ་ཁའི་ངང་སྤེལ་ཡོད་པ་དང་། དེ་ནི་ལྷོ་ཁ་གྲོང་ཁྱེར་གྱི་སྲོལ་རྒྱུན་གྱི་དཔལ་འབྱོར་ཉོ་ཚོང་གི་ཚོང་འདུས་ཆེན་པོ་ཞིག་ཏུ་གྱུར་ཡོད། 
     ངོ་སྤྲོད་བྱས་པར་གཞིགས་ན། ཡར་ཀླུང་དངོས་ཟོག་བརྗེ་རེས་ཚོང་འདུས་ནི་ཐོག་མར་ལས་ཀ་སོས་དལ་བའི་དུས་སྐབས་སུ་ཞིང་འབྲོག་མང་ཚོགས་ཀྱིས་འབྲུ་རིགས་དང་ཤ་རིགས་བརྗེ་རེས་བྱེད་པའི་གནས་སྐབས་ཀྱི་ཉོ་ཚོང་ཁྲོམ་ར་ལས་བྱུང་བ་ཞིག་རེད། དེར་ཞུགས་མཁན་མང་ཚོགས་ཇེ་མང་ནས་ཇེ་མང་དུ་གྱུར་བ་དང་། ཁྲོམ་རར་དོ་ཁུར་བྱེད་མཁན་ཇེ་མང་དུ་གྱུར་བ་དང་བསྟུན། ཉོ་ཚོང་གི་ཚོང་རྫས་ཀྱང་སྔར་བས་ཕུན་སུམ་ཇེ་ཚོགས་སུ་གྱུར་ཡོད། 
     “ལོ་ངོ་38རིང་འཕེལ་རྒྱས་ཀྱི་བྱུང་རིམ་བརྒྱུད། ཡར་ཀླུང་དངོས་ཟོག་ཁྲོམ་ར་ནི་ཐང་སྟོང་རྒྱ་ཆེན་པོ་ཞིག་ནས་ཚད་གཞི་ཅན་གྱི་དངོས་རིགས་བརྗེ་རེས་ཀྱི་ཁྲོམ་རར་འཕེལ་རྒྱུས་བྱུང་བ་རེད། ”ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཏང་ཨུའི་འབྲེལ་ཡོད་འགན་འཁུར་པས་ངོ་སྤྲོད་བྱས་དོན། ད་ལོའི་དངོས་ཟོག་བརྗེ་རེས་ཚོང་འདུས་ཁྲོམ་ར་ལ་ལྷོ་ཁ་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གིས་མ་དངུལ་སྒོར་དུང་ཕྱུར་1.7བཏང་ནས་ཡུལ་གནས་གསར་བཟོ་བྱས་པ་དང་། དངོས་ཟོག་བརྗེ་རེས་ཚོང་འདུས་ལ་ཁྱོན་འགྲེམས་ཁུལ་3263བཙུགས་ཤིང་། ལྕགས་ཆས་ཁུལ་དང་། ཁྱིམ་ཆས་ཁུལ། ཁ་གདན་ཁུལ། བཟའ་བཏུང་ཁུལ་སོགས་འདུས་པའི་འགྲེམས་ཁུལ་11ཡོད། མིག་སྔར་མིང་ཐོ་བཀོད་པའི་ཚོང་དུད་3586ཡོད་ཅིང་། ཚོང་རྫས་རིགས་745འགྲེམས་སྟོན་བྱས་ཤིང་། ཁྲོམ་རར་བཏོན་པའི་ཚོང་རྫས་ཀྱི་རིན་གོང་སྒོར་ཁྲི་12950ཟིན་ཡོད། 
༄༅།།ཡར་ཀླུང་དངོས་ཟོག་བརྗེ་རེས་ཚོང་འདུས་སྐབས་39པ་འགོ་ཚུགས་པ།
༄༅།།ཡར་ཀླུང་དངོས་ཟོག་བརྗེ་རེས་ཚོང་འདུས་སྐབས་39པ་འགོ་ཚུགས་པ།