འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་3ཉིན།

༄༅༎ཧྲེན་དབྱང་གི་གྲོང་མིའི་ཐོག་བརྩེགས་ཁང་ཆེན་ཞིག་ལ་གློ་བུར་དུ་མེ་ཆེན་པོ་ཤོར་བ་དང་
ད་བར་མི་སྣ་ཤི་རྨས་ཀྱི་སྙན་ཞུ་འབྱོར་མེད།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་03ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ཟླ་12ཚེས་2ཉིན་པར་བླངས་པའི་མེ་ཤོར་ཡུལ་གྱི་གྲོང་མིའི་ཐོག་བརྩེགས་ཁང་ཆེན་ཡིན་པ།
འདི་ནི་ཟླ་12ཚེས་2ཉིན་པར་བླངས་པའི་མེ་ཤོར་ཡུལ་གྱི་གྲོང་མིའི་ཐོག་བརྩེགས་ཁང་ཆེན་ཡིན་པ།
     མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་2ཉིན་གྱི་ཆུ་ཚོད་21དང་སྐར་མ་16ཙམ་ལ། ཧྲེན་དབྱང་གྲོང་ཁྱེར་ཧུན་ནན་ཆུས་SRགྲོང་གསར་གྱི་ཐོག་ཁང་ཨང་102པའི་ཁང་པ་Aཡི་བྱང་ངོས་ཀྱི་ཐོག་སོ་5པ་དང་དེ་ཡན་གྱི་ཕྱིའི་གྱང་ལ་མེ་ཤོར་པ་རེད། གསར་འགོད་པས་ཆུ་ཚོད་23དང་སྐར་མ་30ཙམ་ལ་ཡུལ་དངོས་ནས་མེ་ཤོར་བའི་སྐྲུན་དངོས་ལ་ཁྱོན་ཐོག་སོ་25ཡོད་པ་དང་། མིག་སྔའི་བར་མེ་འབར་བའི་ཐོག་བརྩེགས་ཁང་ཆེན་གཅིག་ཡོད་ལ། ཐོག་བརྩེགས་ཁང་ཆེན་གྱི་ཕྱིའི་མེ་སྤྱིར་ན་བསད་ཟིན་མོད། འོན་ཀྱང་སྒེའུ་ཁུང་ནང་སྔར་བཞིན་མེ་འབར་བཞིན་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་ཛ་དྲག་ངང་མེ་བསད་རྒྱུ་སྒྲིག་འཛུགས་བྱེད་བཞིན་ཡོད་ལ། ཡུལ་དངོས་ཀྱི་ཉེ་འགྲམ་དུ་མེ་གསོད་རླངས་འཁོར་མང་པོ་ཡོད་པ་བཅས་མཐོང་བྱུང་། ཧྲེན་དབྱང་གྲོང་ཁྱེར་ཧོན་ནན་ཆུས་ཨུད་དྲིལ་བསྒྲགས་པུས་མིག་སྔའི་བར་མི་སྣ་ཤི་རྨས་ཀྱི་སྙན་ཞུ་འབྱོར་མེད་ཅེས་ངོ་སྤྲོད་བྱས་པ་རེད།