འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་3ཉིན།

༄༅༎2019ལོའི་ཟླ་བཅུ་པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལས་འགལ་བའི་
གནད་དོན་ཁག་4601ཞིབ་གཅོད་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་03ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་27ཉིན། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ཐོག 2019ལོའི་ཟླ་བཅུ་པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཁག་4601ཞིབ་གཅོད་བྱས་ནས། མི་6358ཐག་གཅོད་བྱས་པ་དང་། མི་4699ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པ་རེད། ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པའི་ལས་བྱེད་པའི་ཁྲོད་ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པ་28དང་། རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་415 ཤང་དང་ཁོའོ་རིམ་པ་དང་དེ་བཞིན་དེ་མན་གྱི་ལས་བྱེད་པ་4256ཡོད་ཅེས་འཁོད་ཡོད་པ་རེད།
     2019ལོའི་ཟླ་བཅུ་པར་ཞིབ་གཅོད་བྱས་པའི་གནད་དོན་ཁག་4601ཁྲོད། ཁྲིམས་འགལ་ངང་ལག་རྟགས་དང་དངུལ་སྤྲོད་ལེན་བྱས་རིགས་1248དང་། ཁྲིམས་འགལ་ངང་ཕོགས་སྣོན་དང་ཁ་གསབ་དངུལ་སོགས་སྤྲད་རིགས་1177 ཁྲིམས་འགལ་ངང་གཞུང་དངུལ་བཏང་ནས་བཟའ་བཏུང་བྱས་རིགས་631 ཁྲིམས་འགལ་ངང་གཞུང་འཁོར་སྤྱད་རིགས་565 ཚད་གཞི་ལས་བརྒལ་བའི་སྣེ་ལེན་ཞུས་པའམ་ཡང་ན་སྣེ་ལེན་་དང་ལེན་བྱས་རིགས་དང་། གཞུང་དངུལ་བཏང་ནས་རིན་གོང་མཐོ་བའི་རོལ་རྩེད་ལུས་སྦྱོང་བྱེད་སྒོར་ཞུགས་རིགས། སྒྲིག་འགལ་ངང་སྒེར་གྱི་འདུ་གནས་ལ་ཕྱིན་རིགས། འགོ་ཁྲིད་ལས་བྱེད་པས་སྒྲིག་འགལ་ངང་སྡོད་ཁང་རག་ཐབས་བྱས་རིགས། སྒྲིག་འགལ་ངང་དོ་དམ་ཞབས་ཞུ་བྱ་ཡུལ་གྱི་གསོལ་སྟོན་ལ་ཞུཌ་རིགས་སོགས་ཀྱི་གནད་དོན་ཁག་405 གཉེན་སྒྲིག་རྟེན་འབྲེལ་དང་གཤིན་པོ་དུར་སྐྱེལ་གྱི་བྱེད་སྒོ་གཟབ་རྒྱས་སྤེལ་རིགས་300 གཞུང་དངུལ་བཏང་ནས་རྒྱལ་ནང་དུ་ཡུལ་སྐོར་བྱས་རིགས་189 ཐོག་ཁང་། ཚོགས་ཁང་། འགྲུལ་ཁང་། སྣེ་ལེན་ཁང་བཅས་ཀྱི་སྒྲིག་འགལ་གནད་དོན་ཁག་75 གཞུང་དངུལ་བཏང་ནས་ཕྱི་རྒྱལ་དུ་ཡུལ་སྐོར་ལ་ཕྱིན་རིགས་11བཅས་ཚུད་ཡོད་པ་རེད།