འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་3ཉིན།

༄༅༎ཧོ་ནན་གྱིས་སྒོར་དུང་ཕྱུར་བརྒྱ་ཟིན་པའི་ལྗང་མདོག་འཕེལ་རྒྱས་ཐེབས་རྩ་བཙུགས་ཏེ་སྣོད་བཅུད་
ཤེས་དཔལ་འཛུཌ་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་03ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཀྲེང་ཀྲོའུ་ནས་ཟླ་12ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཧོ་ནན་ཞིང་ཆེན་ནོར་སྲིད་ཀྱིས་མ་དངུལ་སྤྱི་འདོམས་དང་བསྡུ་སྒྲིལ་བྱས་པ་དང་། ཞིང་ཆེན་གྱི་ཐད་སྐྱོང་གྲོང་ཁྱེར་དང་སྤྱི་ཚོགས་ཀྱི་མ་དངུལ་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ནས་ཧོ་ནན་ཞིང་ཆེན་གྱི་ལྗང་མདོག་འཕེལ་རྒྱས་ཐེབས་རྩ་བཙུགས་པ་དང་། ཐེབས་རྩའི་སྤྱིའི་གཞི་ཁྱོན་སྒོར་དུང་ཕྱུར་160ལ་གཏན་འཁེལ་བྱས་པ་དེས། དངུལ་ཁང་སོགས་དངུལ་རྩའི་སྒྲིག་གཞིར་བུན་དབང་གི་རྣམ་པའི་ཐོག་ནས་སྒོར་དུང་ཕྱུར་640ལས་མི་དམའ་བ་རྒྱབ་སྐྱོར་བྱ་རྒྱུའི་སྐུལ་ཁྲིད་བྱས་ཏེ། སྒོར་དུང་ཕྱུར་800ལས་མི་དམའ་བའི་མ་འཇོག་གཞི་ཁྱོན་ཆགས་པ་བྱ་རྒྱུ་རེད།
     ཧོ་ནན་ཞིང་ཆེན་ནོར་སྲིད་ཐིང་དང་། ཧོ་ནན་ཞིང་ཆེན་སྣོད་བཅུད་ཁོར་ཡུག་ཐིང་། ཧོ་ནན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་བཅས་ཀྱིས་བཀྲམ་པའི《ཧོ་ནན་ཞིང་ཆེན་གྱི་ལྗང་མདོག་འཕེལ་རྒྱས་ཐེབས་རྩ་ལག་བསྟར་ཇུས་གཞིའི》ནང་མངོན་གསལ། ཧོ་ནན་ཞིང་ཆེན་གྱི་ལྗང་མདོག་འཕེལ་རྒྱས་ཐེབས་རྩ་འཛུགས་པའི་དམིགས་ཡུལ་ནི་ནོར་སྲིད་མ་དངུལ་ལ་བརྟེན་ནས་སྣོད་བཅུད་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས་ལ་ལྕག་སྐུལ་དང་ཁྲིད་སྟོན་བྱེད་པའི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུ་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ། ལྗང་མདོག་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་རྒྱུ་བཅས་ཀྱི་ཆེད་དུ་རེད། 
     ཇུས་གཞིའི་ནང་། ཐེབས་རྩའི་དུས་ཐེངས་དང་པོའི་གཞི་ཁྱོན་སྒོར་དུང་ཕྱུར་35ཟིན་པར་བྱ་རྒྱུ་ཡིན་པའི་ཁྲོད་ཞིང་ཆེན་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་5གཏོང་རྒྱུ་དང་། ཧོ་ནན་ཞིང་ཆེན་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཀུང་སིས་སྒོར་དུང་ཕྱུར་5གྲབས་གསོག་བྱ་རྒྱུ། འབྲེལ་ཡོད་ཞིང་ཆེན་ཐད་སྐྱོང་གྲོང་ཁྱེར་གྱིས་སྒོར་དུང་ཕྱུར་5གཏོང་རྒྱུ། ཡན་ལག་ཐེབས་རྩའི་གཞི་ཁྱོན་སྒོར་དུང་ཕྱུར་20ལས་མི་དམའ་བ་བྱ་རྒྱུ་བཅས་ཀྱི་གཏན་འཁེལ་ཁ་གསལ་བྱས་ཡོད། ཐེབས་རྩ་བཙུགས་རྗེས། འབྲེལ་ཡོད་དངུལ་རྩའི་སྒྲིག་གཞིས་བུན་གཏོང་མཉམ་སྒུལ་གྱི་རྣམ་པ་བརྒྱུད་མཉམ་ལས་བྱས་ཏེ་དངུལ་ཁང་ལ་དངུལ་བུན་སྒོར་དུང་ཕྱུར་140ལས་མི་དམའ་བ་གཏོང་རྒྱུའི་སྐུལ་ཁྲིད་བྱ་རྒྱུ་དང་། སྤྱིའི་མ་འཇོག་གཞི་ཁྱོན་སྒོར་དུང་ཕྱུར་175ལས་མི་དམའ་བ་བྱ་རྒྱུ་རེད།