འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་3ཉིན།

༄༅༎ཀྲུང་རིའི་སློབ་གསོའི་སྤེལ་རེས་ཚོགས་འདུ་སྐབས་དྲུག་པ་རི་པིན་གྱི་ཏཱ་པན་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་03ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཏཱ་པན་ནས་ཟླ་11ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་ཀྲུང་རིའི་སློབ་གསོའི་སྤེལ་རེས་ཚོགས་འདུ་སྐབས་དྲུག་པ་རི་པིན་གྱི་ཏཱ་པན་དུ་འཚོགས་པ་རེད། ཀྲུང་གོ་དང་རི་པིན་གྱི་སློབ་ཆེན་དང་འབྲིང་རིམ་སློབ་གྲྭ་152ཀྱི་སློབ་གྲྭའི་འགོ་ཁྲིད་དང་དགེ་སློབ་400ལྷག་ཙམ་ལྷན་དུ་འཛོམས་ནས་རྒྱལ་ཁབ་གཉིས་ཀྱི་སློབ་གྲྭ་མཉམ་ལས་དམ་ཟབ་བྱ་རྒྱུར་སྔར་བས་སྐུལ་འདེད་གཏོང་བ་དང་ཀྲུང་རིའི་མཛའ་གྲོགས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གྲོས་གཞིར་སྤེལ་རེས་བྱས་པ་རེད།
     ཏཱ་པན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ལི་ཐན་རན་གྱིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་སྒྲོན་ཞིང་། ཤིས་ཚིག་ནང་། ཀྲུང་རིའི་རིམ་མཐོའི་མི་ཆོས་རིག་གནས་སྤེལ་རེས་གྲོས་མོལ་ལམ་སྲོལ་ལག་ལེན་བསྟར་རྗེས་ཀྱི་ཆུ་ཚད་མཐོ་བའི་མི་ཆོས་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་དང་པོ་དེ་ཡིན་པའི་སྐབས་འདིའི་ཀྲུང་རིའི་སློབ་གསོའི་སྤེལ་རེས་ཚོགས་འདུའི་ཐོག་རྒྱལ་ཁབ་གཉིས་པོའི་སློབ་གསོའི་ལས་རིགས་ཀྱི་མི་སྣས་དེ་གོ་སྐབས་སུ་བྱས་ཏེ་རྒྱ་ཁྱབ་ངང་སྤེལ་རེས་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱས་ནས་ཀྲུང་རི་ཕྱོགས་གཉིས་པོ་གཉིས་ཁེ་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བའི་མཉམ་ལས་རྣམ་གྲངས་དེ་བས་མང་པོ་གྲུབ་པ་དང་། དུས་རབས་གསར་པའི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལེགས་སུ་དང་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་དེ་བས་ཆེན་པོ་མཉམ་དུ་འབུལ་རྒྱུའི་རེ་འགུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
     རི་པིན་རིག་གནས་པུའུ་ཚན་རིག་ཧྲེང་མཐོ་རིམ་སློབ་གསོ་ཅུས་རྒྱལ་སྤྱིའི་འཐབ་ཇུས་དབྱེ་ཞིབ་དཔོན་ལིན་ཧོ་ཡན་གྱི་ཤིས་ཚིག་ནང་། རི་ཀྲུང་རྒྱལ་ཁབ་གཉིས་པོའི་སློབ་ཆེན་སློབ་མའི་དབར་གྱི་སྤེལ་རེས་ལ་སྐུལ་འདེད་གཏོང་བ་ནི་ཕན་ཚུན་བསམ་ཤེས་བྱེད་ཟབ་ཏུ་གཏོང་བ་དང་རི་ཀྲུང་མཉམ་ལས་འབྲེལ་བ་བརྟན་དུ་གཏོང་རྒྱུའི་ངོས་ནས་བརྗོད་ན་གལ་འགངས་ཆེན་པོ་ལྡན་ཡོད། མིག་སྔར་རི་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་གྱི་དཔལ་འབྱོར་བྱེད་སྒོ་དང་མི་སྣའི་དབར་གྱི་སྤེལ་རེས་ཉིན་རེ་བཞིན་ཟབ་ཏུ་འགྲོ་བཞིན་ཡོད་པས། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་རྒྱལ་ཁབ་གཉིས་པོའི་དབར་གྱི་ཤེས་ལྡན་པ་དང་ཤེས་བྱ་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་བའི་ཐད་ཐུན་མོང་གི་ངོས་འཛིན་ཆགས་པ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།