འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་3ཉིན།

༄༅༎ཨེ་ཙེ་ཨོ་ཕི་ཡའི་བདམས་ཐོན་པས་ཧྲང་ཧའེ་མཉམ་ལས་ཁུན་མིང་མར་སུན་འགྲན་བསྡུར་གྱི་སྐྱེས་པ་དང་
བུད་མེད་ཀྱི་ཨང་དང་པོ་ཚང་མ་བླངས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་03ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་ཟླ་12ཚེས་1ཉིན་གློག་འཕྲིན་འབྱོར་གསལ། 2019ལོའི་ཧྲང་ཧའེ་མཉམ་ལས་ཁུན་མིང་མར་སུན་འགྲན་བསྡུར་ཚེས་1ཉིན་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་ཏེན་ཁྲེ་མཚེའུ་འགྲམ་དུ་འགོ་ཚུགས་ཤིང་། ཨེ་ཙེ་ཨོ་ཕི་ཡའི་བདམས་ཐོན་པས་སྐྱེས་པ་དང་བུད་མེད་མར་སུན་འགྲན་བསྡུར་གྱི་ཨང་དང་པོ་ཚང་མ་བླངས་པ་དང་ཀྲུང་གོའི་བདམས་ཐོན་པས་བུད་མེད་ཀྱི་ལམ་ཕྱེད་མར་སུན་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ་རེད།
     ད་ཐེངས་འགྲན་བསྡུར་ནང་རྒྱལ་ཁབ་དང་ས་ཁུལ་35ནས་ཡོང་བའི་བདམས་ཐོན་པ་20000ཙམ་ཞུགས་ཡོད་པ་དང་འགྲན་བསྡུར་ནང་ལམ་ཧྲིལ་པོའི་མར་སུན་འགྲན་བསྡུར་དང་། ལམ་ཕྱེད་མར་སུན་འགྲན་བསྡུར། དམངས་ཡོངས་ཀྱི་བདེ་ཐང་རྒྱུག་ཤར། ཧྲང་ཧའེ་མཉམ་ལས་ཁོངས་མིའི་རྒྱུག་ཤར་བཅས་ཚོགས་ཆུང་བཞི་ཡོད་པའི་ནང་། ཨེ་ཙེ་ཨོ་ཕི་ཡའི་བདམས་ཐོན་པ་གསུམ་གྱིས་སྐྱེས་པའི་ཨང་དང་པོ་ནས་གསུམ་པ་བར་བླངས་པའི་ནང་། ཐུའུ་ལུའུ་ཡིས་ཆུ་ཚོད་2དང་སྐར་མ་13དང་སྐར་ཆ་18ཀྱི་གྲུབ་འབྲས་ཐོག་ནས་ཨང་དང་པོ་བླངས་པ་དང་། ཨེ་ཙེ་ཨོ་ཕི་ཡའི་སའེ་ཧྥུའུ་ཡིས་ཆུ་ཚོད་2དང་སྐར་མ་32སྐར་ཆ་54ཡི་གྲུབ་འབྲས་ཐོག་ནས་བུད་མེད་ཀྱི་ལམ་ཧྲིལ་པོའི་མར་སུན་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ། ཀྲུང་གོའི་བདམས་ཐོན་པ་ཆན་ཅ་ཡན་གྱིས་ཆུ་ཚོད་1དང་སྐར་མ་20སྐར་ཆ་20ཡི་གྲུབ་འབྲས་ཐོག་ནས་བུད་མེད་ཀྱི་ལམ་ཕྱེད་མར་སུན་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ་རེད།