འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་2ཉིན།

༄༅།།བོད་ལྗོངས་སྐྱིད་གྲོང་འགག་སྒོར་འགྲིམ་འགྲུལ་རླངས་འཁོར་ཤར་གཏོང་ཐུབ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་02ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་30ཉིན། གསར་འགོད་པས་སྐྱིད་གྲོང་འགག་སྒོ་དོ་དམ་ཨུ་ལྷན་ནས་ཤེས་རྟོགས་བྱུང་གསལ། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དུ་ཉེ་ཆར་འགྲིམ་འགྲུལ་ལམ་ཐིག་6ཤར་གཏོང་ཐུབ་པས་སྐྱིད་གྲོང་འགག་སྒོར་དངོས་གཞིའི་འགྲུལ་སྐྱེལ་རླངས་འཁོར་ཡོད་པ་མཚོན་པ་མ་ཟད། ད་དུང་སྐྱིང་གྲོང་རྫོང་གི་གཞུང་ལམ་འགྲིམ་འགྲུལ་ལོ་རྒྱས་ཐོག་གི་སྟོང་ཆ་ཞིག་ཀྱང་བསྐང་ཡོད།
    སྐྱིད་གྲོང་འགག་སྒོ་ནི་བོད་ལྗོང་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་རི་ཟུར་གྲོང་ཚོར་གནས་ཤིང་། སྔ་མོ་ནས་བཟུང་ཀྲུང་གོ་དང་བལ་ཡུལ། དེ་བཞིན་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་དབར་འགྲོ་འོང་དང་ཚོང་འབྲེལ་བྱེད་པའི་ལམ་བུ་ཞིག་ཡིན་ཞིང་། ད་ཆ་རྒྱལ་ཁབ་ཀྱི་སྐམ་ལམ་རིགས་ཀྱི་རིམ་པ་དང་པོའི་ཚོང་འབྲེལ་ལམ་བུའི་འགག་སྒོར་གཏོགས་ཤིང་། 2017ལོའི་ཟླ་8ཚེས་30ཉིན་ནས་དངོས་སུ་རྒྱལ་ཁབ་གསུམ་པར་ཕྱོགས་ནས་སྒོ་འབྱེད་ཡོད་པ་རེད།
    སྐྱིད་གྲོང་འགག་སྒོ་དངོས་སུ་སྒོ་དབྱེ་རྒྱ་ཆེར་གཏོང་བ་དང་ཆབས་ཅིག འགྲོ་འོང་བྱེད་མཁན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད། སྐྱིད་གྲོང་གི་རྒྱལ་མཚམས་འགྲོ་འོང་ཞིབ་བཤེར་ས་ཚིགས་ཀྱི་གྲངས་གཞི་ལས་མངོན་གསལ། ད་ལོ་ནས་བཟུང་། སྐྱིད་གྲོང་འགག་སྒོ་ནས་འགྲོ་འོང་བྱེད་མཁན་སྤྱིའི་མི་གྲངས་ཁྲི་14.9ཟིན་ཞིང་། དེའི་ཁྲོད་ཡུལ་སྐོར་བ་མི་ཐེངས་ཁྲི་5.5དང་།  མཐའ་མཚམས་ཀྱི་ཡུལ་མི་མི་ཐེངས་ཁྲི་9.4ཡོད་པ་རེད།