འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་2ཉིན།

༄༅།།ལྷ་ཉིང་ལྕགས་ལམ་ཡར་ཀླུང་གཙང་པོར་བརྒལ་ཐེངས་གཉིས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་02ཉིན། 13:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ལྷ་ཉིང་ལྕགས་ལམ་ཡར་ཀླུང་གཙང་པོར་བརྒལ་ཐེངས་གཉིས་པ།
     མི་དམངས་དྲ་བའ་འཕྲིན། ཟླ་12ཚེས་1ཉིན། ཀྲུང་གོའི་ལྕགས་ལམ་ཅུས་བཅུ་གཅིག་པའི་སྒྲོམ་འདིང་རུ་ཁག་གི་རུ་མིས་ལྷ་ཉིང་ལྕགས་ལམ་ཐེངས་གཉིས་པར་ཡར་ཀླུང་གཙང་པོ་བརྒལ་བའི་སྒྲོམ་གཞི་འདིང་བཞིན་པ། ཉིན་དེར། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་བསམ་གྲུབ་རོང་ཤང་གི་ཉེ་འཁོར་དུ་གནས་པའི་ལྷ་ཉིང་ལྕགས་ལམ་རོང་ཤང་ཡར་ཀླུང་གཙང་པོའི་ཟམ་ཆེན་གྱི་སྒྲོམ་བཏིངས་ཟིན་པ་དང། འདི་ནི་ལྷ་ཉིང་ལྕགས་ལམ་ཡར་ཀླུང་གཙང་པོར་བརྒལ་ཐེངས་གཉིས་པ་རེད། རོང་ཤང་ཡར་ཀླུང་གཙང་པོའི་ཟམ་ཆེན་གྱི་སྤྱིའི་རིང་ཚད་ལ་སྨི་4615ཡོད་ཅིང་། ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་ཡོངས་ལ་སྤྱི་ལེ་435.48ཡོད་པ་དང་། ཇུས་འགོད་མྱུར་ཚད་ནི་ཆུ་ཚོད་རེར་སྤྱི་ལེ་160དང་། དེ་ནི་བོད་ལྗོངས་ཀྱི་གློག་ཤུགས་ལྕགས་ལམ་ཐོག་མ་དེ་ཡིན་ཞིང་། ཁྱོན་ཡར་ཀླུང་གཙང་པོ་ཐེངས་16ལ་བརྒལ་ཡོད། 2018ལོའི་ཟླ་10པར་དངོས་སུ་འཁོར་ལམ་བཏིངས་པ་ནས་བཟུང་། སྤྱི་ལེ་114རིང་གི་འཁོར་ལམ་བཏིངས་ཟིན་པ་དང་། སྔོན་དཔག་བྱས་ན 2020 ལོའི་ལོ་མཇུག་ཏུ་འཁོར་ལམ་འདིང་ཚར་རྒྱུ་རེད། 
【1】  【2】  【3】
༄༅།།ལྷ་ཉིང་ལྕགས་ལམ་ཡར་ཀླུང་གཙང་པོར་བརྒལ་ཐེངས་གཉིས་པ།