འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་29ཉིན།

༄༅༎དཀར་མཛེས་ཁུལ་གྱི་མི་གཉིས་ལ་ཞིང་ཆེན་སྲིད་གཞུང་གི“སི་ཁྲོན་གྱི་དགེ་སྒྲུབ་བྱ་དགའ”ཐོབ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་29ཉིན། 11:53】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་26ཉིན། ཞིང་ཆེན་སྲིད་གཞུང་གི་དྲ་ཚིགས་ཐོག《སྐབས་གཉིས་པའི“སི་ཁྲོན་དགེ་སྒྲུབ་བྱ་དགའ”སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས》ཁྱབ་བསྒྲགས་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཚན་པ་35དང་། མི་སྒེར་35 “ཁེ་ལས་བརྒྱའི་དབུལ་སྐྱོར”སོགས་ཀྱི་དགེ་སྒྲུབ་རྣམ་གྲངས་10ལ་གཟེངས་བསྟོད་བྱས་པ་རེད། དཀར་མཛེས་ཁུལ་གྱི་སེར་ཤུལ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། སེར་ཤུལ་དགོན་གྱི་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་ལ“གཅེས་སེམས་ཆེ་ཤོས་ལྡན་པའི་དགེ་སྒྲུབ་མི་སྒེར”གྱི་མཚན་སྙན་ཐོབ་པ་དང་ཁུལ་རྒྱ་གྲམ་དམར་རྟགས་ཚོགས་པའི་གཞུང་དོན་ཁང་གི་ཀྲུའུ་རེན་ཉི་ཁུའུ་ལིན་ཆན་ལ“དགེ་སྒྲུབ་ལས་དོན་གྱི་བྱ་དགའི”མཚན་སྙན་ཐོབ་ཡོད།
    ངོ་སྤྲོད་བྱས་པར་གཞིགས་ན། སྐབས་གཉིས་པའི“སི་ཁྲོན་དགེ་སྒྲུབ་བྱ་དགའ”ཡི་ཐོག་2017ལོ་ནས་2018ལོ་བར་ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་དཀའ་སེལ་དང་། རྒན་རྒོན་ལ་རོགས་སྐྱོར་དང་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར། དྭ་ཕྲུག་སྐྱོང་བ་དང་ནད་གསོ་བྱེད་པ། རྒུད་སྐྱོབ་སློབ་སྐྱོར་བཅས་དང་དེ་བཞིན་སློབ་གསོ་དང་། རིག་གནས། ཚན་རིག འཕྲོད་བསྟེན། ལུས་རྩལ། ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་དགེ་སྒྲུབ་ཁྱབ་ཁོངས་སུ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བ་དང་ཤུགས་རྐྱེན་ཆེ་པོ་ཡོད་པའི་ཚོགས་པ་དང་། མི་སྒེར། རྣམ་གྲངས་བཅས་དཔྱད་འདེམས་བྱས་པ་རེད། དེའི་དམིགས་ཡུལ་ནི་གོམ་གང་མདུན་སྤོས་ངང་དགེ་སྒྲུབ་རིག་གནས་དར་སྤེལ་དང་། དགེ་སྒྲུབ་སྔོན་ཐོན་ལ་གཟེངས་བསྟོད། དགེ་སྒྲུབ་ཀྱི་སྤྲོ་སེམས་འཕེལ་བ་བཅས་བྱས་ཏེ་སིན་ཁྲོན་ཞིང་ཆེན་གྱི་དགེ་སྒྲུབ་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད།