འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་29ཉིན།

༄༅༎བོད་ལྗོངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་སློབ་སྦྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་29ཉིན། 11:52】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎བོད་ལྗོངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་སློབ་སྦྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ།
     མི་དམངས་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར། བོད་ལྗོངས་ཀྱིས་ཁག་གཉིས་པའི“ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་བཅང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་སློབ་ཞུགས་ཚན་པ་དང་མི་སྣ་ཁྱབ་རྒྱ་ཆེ་བ་དང་། རིགས་མང་བ། གྲངས་འབོར་ཆེ་བ། གནས་ཚུལ་རྙོག་འཛིང་ཆེ་བ་བཅས་ཀྱི་དོན་དངོས་ལ་དམིགས་ནས་ཏང་ཀྲི་པུའི་ཧྲུའུ་ཅིའི་གསོ་སྦྱོང་དང་། སྒྲོག་འགྲེལ་སློབ་སྐྱེལ། གསར་བརྗེའི་སྲོལ་རྒྱུན་སློབ་གསོ། ཏང་གཤིས་སློབ་གསོ། དྲང་ལྡོག་གི་དཔེ་མཚོན་སློབ་གསོ་སོགས་ཀྱི་བྱ་ཐབས་སྤྱད་དེ་སློབ་སྦྱོང་སློབ་གསོའི་དམིགས་སའི་རང་བཞིན་དང་། དངོས་ཕན་རང་བཞིན། ཡིད་དབང་འགུག་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་བརྗོད་དོན་གཙོ་བོའི་སློབ་གསོར་ཏན་ཏན་ཏིག་ཏིག་གི་ཕན་འབྲས་ཐོན་རྒྱུའི་འགན་ལེན་བྱས་ཡོད།
     འདི་ནི་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་བསམ་ཡས་སྡེ་ཁུལ་གྱི་ཏང་ཡོན་དང་མང་ཚོགས་ཚོས་བོད་ལྗོངས་གསར་རྙིང་བསྡུར་བའི་འགྲེམས་སྟོན་ལ་ལྟ་བཞིན་པའི་གནས་ཚུལ་ཡིན་པ།