འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་29ཉིན།

༄༅༎ཐེན་ཅིན་གྲོང་ཁྱེར་གྱིས་ཀན་ལྷོར་ཁ་གཏད་རོགས་སྐྱོར་གྱི་ཁྱད་ལྡན་ཐོན་ལས་གླིང་གི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོཌ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་29ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉིན་རེའི་ཀན་སུའུ་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིར་བཟུང་། ཐོན་སྐྱེད་དང་ཕྱིར་ཚོང་སྦྲེལ་མཐུད་ཀྱི་ལས་སྟེགས་བཏོད་དེ་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་རི་གྲོང་ནས་ཕྱི་ཕྱོགས་སུ་ཚོང་བ་དང་ཐོན་ལས་དབུལ་སྐྱོར“མྱུར་ལམ”དུ་འདྲེན་པར་རམ་འདེགས་བྱས་ཡོད། ཉེ་ཆར། ཐེན་ཅིན་གྲོང་ཁྱེར་གྱིས་ཀན་ལྷོར་ཁ་གཏད་རོགས་སྐྱོར་གྱི་ཁྱད་ལྡན་ཐོན་ལས་གླིང་གི་སྒོ་བྱང་འགེལ་བའི་མཛད་སྒོ་དང་འཛད་སྤྱོད་དབུལ་སྐྱོར་གྱི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཐེན་ཅིན་གྲོང་ཁྱེར་པིན་ཧའེ་ཁུལ་གསར་དུ་འཚོགས་པ་རེད།
     ཐོན་ལས་གླིང་གི་སྒོ་བྱང་འགེལ་བའི་མཛད་སྒོའི་ཐོག་ཐེན་ཅིན་གྲོང་ཁྱེར་པིན་ཧའེ་ཁུལ་གསར་གྱི་འབྲེལ་ཡོད་འགན་འཁུར་བས། ཉེ་བའི་ལོར་པིན་ཧའེ་ཁུལ་གསར་གྱིས་ཐེན་ཅིན་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལ་དམིགས་ཏེ་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་དང་སྤེལ་རེས་དང་མཉམ་ལས་རྒྱ་ཁྱབ་བྱས་ཡོད། ཐེན་ཅིན་གྲོང་ཁྱེར་གྱིས་ཀན་ལྷོར་ཁ་གཏད་རོགས་སྐྱོར་གྱི་ཁྱད་ལྡན་ཐོན་ལས་གླིང་པིན་ཧའེ་ཁུལ་གསར་དུ་བཙུགས་པ་དེ་ནི་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་དང་ཁ་གཏད་རོགས་སྐྱོར་ལས་དོན་གྱི་གསར་གཏོད་བྱ་ཐབས་གཞན་ཞིག་རེད། ཀན་ལྷོ་ཀྲོའུ་ཡི་འབྲེལ་ཡོད་འགན་འཁུར་བས་ཀན་ལྷོ་ཀྲོའུ་ཡིས་ཐོན་ལས་གླིང་དེ་ཀན་ལྷོ་ཀྲོའུ་དང་པིན་ཧའེ་ཁུལ་གསར་མཉམ་དུ་འཕེལ་རྒྱས་དང་མཉམ་དུ་དར་རྒྱས་གཏོང་བའི་ལས་སྟེགས་དང་གཞི་རྟེན་དུ་བརྩིས་ནས་ཐོན་ལས་གླིང་དེ་ཀན་ལྷོའི་ཁྱད་ལྡན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་ཇུས་འདོན་ཚོགས་པའི་རྟེན་གཞི་དང་། སྤུས་རྟགས་གཏོད་པའི་ཞིབ་བཟོ་རྟེན་གཞི། འཛད་སྤྱོད་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བའི་ཁྱབ་འགྱེད་ལྟེ་གནས། ཀན་ལྷོའི་གཟུགས་བརྙན་མངོན་པའི་སྐར་ཁུང་བཅས་སུ་ཧུར་ཐག་གཏོད་རྒྱུ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་དང་ཁ་གཏད་རོགས་སྐྱོར་ལས་དོན་སྔར་བས་ཡག་པོ་སྒྲུབ་ཆེད། ཐེན་ཅིན་གྲོང་ཁྱེར་པིན་ཧའེ་ཁུལ་གསར་གྱི་རྒྱབ་སྐྱོར་འོག་ཐེན་ཅིན་པིན་ཧའེ་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱིས་ཀན་ལྷོ་ཀྲོའུ་ལ་རྒྱ་ཁྱོན་སྨི་ངོས་གྲུ་5700ཟིན་པའི་ཐོན་ལས་ཐོག་བརྩེགས་ཁང་ཆེན་མཁོ་འདོན་བྱས་པ་དེར་ཐེན་ཅིན་གྲོང་ཁྱེར་གྱིས་ཀན་ལྷོར་ཁ་གཏད་རོགས་སྐྱོར་བྱས་པའི་ཁྱད་ལྡན་ཐོན་ལས་གླིང་བཙུགས་ཏེ་ཀན་ལྷོ་ཀྲོའུ་ཡི་སྣེ་འདྲེན་ཁེ་ལས་ཀྱིས་ཁྱད་ལྡན་ཐོན་ལས་ཞིབ་བཟོ་འགྲེམས་འཚོང་དང་སྤུས་རྟགས་ཁྱབ་གདལ་ཐད་སྤྱད་པ་བརྒྱུད་ཀན་ལྷོའི་སྤུས་ལེགས་ཀྱི་ཁྱད་ལྡན་ཞིང་ཟོག་དེ་བས་མང་པོ་རི་གྲོང་ནས་རྒྱལ་ཡོངས་སུ་ཕྱིར་ཚོང་ཐུབ་པ་མ་ཟད། ད་དུང“ཐོན་ལས་དབུལ་སྐྱོར་ལ་གཞི་ཚུགས་པ་དང་། གཞན་ཁོངས་ས་ཆའི་དཔལ་འབྱོར་འཛུགས་སྐྲུན་འཕེལ་རྒྱས་གཏོང་བ། མདུན་གྲལ་དང་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། མཉམ་ལས་གཉིས་ཕན་མངོན་འགྱུར་བྱེད་པ”བཅས་ཀྱི་དམིགས་ཚད་མངོན་འགྱུར་ཡང་བྱུང་ཡོད།
     ཉིན་དེར་ཀན་ལྷོ་ཀྲོའུ་ཡིས་འཛད་སྤྱོད་དབུལ་སྐྱོར་གྱི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་འཚོགས་ཏེ་ས་ཁོངས་ནང་གི་ཕུལ་སུམ་ཚོགས་པའི་ཁྱད་འཕགས་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་། སྤུས་ཀ་ལེགས་པའི་ཞིང་འབྲོག་ཐོན་རྫས། ཀྲུང་ལུགས་དང་བོད་ལུགས་སྨན་རྒྱུ་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཕྱོགས་ཡོངས་ནས་འོས་སྦྱོར་དང་འགྲེམས་སྟོན་བྱས་པ་མ་ཟད། འཛད་སྤྱོད་དབུལ་སྐྱོར་རྣམ་གྲངས་ཀྱི་གྲོས་མཐུན་ཁག་19ལ་གཅིག་སྡུད་ཐོག་མིང་རྟགས་བཀོད་པར་ཉོ་འཚོང་དངུལ་འབོར་སྒོར་ཁྲི་6000ལྷག་ཙམ་ཟིན་ཡོད།