འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་28ཉིན།

༄༅༎མཐའ་མཚམས་ཀྱི་གནའ་བོ་གྲོང་སྡེའི་རྣམ་པ་གསར་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་28ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
གྱེས་ཕུབ་གྲོང་ཚོའི་སྒོ་ཆེན་ཏེ། གཡས་ཕྱོགས་ཀྱི་ཟམ་པ་ནི་སྔར་བཞིན་བེད་སྤྱོད་གཏོང་བཞིན་པའི་དཔྱང་ཟམ་ཡིན།
གྱེས་ཕུབ་གྲོང་ཚོའི་སྒོ་ཆེན་ཏེ། གཡས་ཕྱོགས་ཀྱི་ཟམ་པ་ནི་སྔར་བཞིན་བེད་སྤྱོད་གཏོང་བཞིན་པའི་དཔྱང་ཟམ་ཡིན།
     མི་དམངས་དྲ་བའི་འཕྲིན། ལོ་ངོ་ཆིག་སྟོང་ལྷག་ཙམ་གྱི་གོང་དུ་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོས་བལ་ཡུལ་དང་མཛའ་འབྲེལ་འཛུགས་ཆེད། བལ་བཟའ་ཁྲི་བཙུན་མནའ་མར་བསུས་ཤིང་། བལ་ཡུལ་གྱི་གཉེན་སྐྱེལ་རུ་ཁག་གནས་འདིའི་བར་དུ་བསྐྱལ་བ་ཡོང་བས་གྱེས་ཕུབ་གྲོང་ཚོའི་མིང་དེ་ལྟར་ཐོགས་པ་རེད་ཟེར། ལོ་རྒྱུས་ཐོག་གི་ཀྲུང་བལ་བརྩེ་དུང་གི་གཏམ་བཟང་འདི་གངས་ལྗོངས་ས་མཐོར་ད་བར་རྒྱུན་འཛིན་བྱས་ཡོད།
     ཧི་མ་ལ་ཡ་རི་རྒྱུད་ཀྱི་དབུས་ཁུལ་དུ་གནས་པའི་གྱེས་ཕུབ་གྲོང་ཚོ་ནི་གངས་རིའི་ར་བས་བསྐོར་བའི་མཛེས་ལྗོངས་ཤིག་ཡིན་ལ། དེ་ནི་ཡུལ་སྐོར་བ་མང་པོ་ཞིག་གི་མིག་ནང་གི“དབེན་པའི་སྐྱེད་ཚལ”རེད། དེ་གའི་གྲོང་མི་རྣམས་ཀྱིས་ད་བར་སྔར་བཞིན“ཉི་མ་ཤར་དུས་ལས་འགོ་ཚུགས་ཤིང་ཉི་མ་ནུབ་དུས་ངལ་གསོ་བའི”འཚོ་བ་སྐྱེལ་བཞིན་ཡོད། ས་ཡོམ་མ་བརྒྱབ་གོང་གི་གྲོང་མིའི་སྡོད་ཁང་ནི་གཙོ་བོ་རྡོ་ལས་གྲུབ་པ་ཞིག་ཡིན་ལ། སྤྱི་ཡོངས་ནས་བབ་ཆགས་པའི་སྐྱ་མདོག་མངོན་གྱི་ཡོད། དེང་གི་སྡོད་ཁང་གསར་པ་ནི་དྲོད་འཛིན་པའི་རྨང་གཞི་ཐོག་ཕྱིའི་རྣམ་པ་ཐོག་ཏུ་ནགས་ཁུལ་གྱི་ཁྱད་ཆོས་དེ་བས་མངོན་གསལ་དོད་དུ་བཏང་ཡོད། བཀྲག་མདངས་འཚེར་བའི་རྒྱལ་དར་སྡོད་ཁང་གསར་པའི་སྒོ་ཁ་དང་ཁང་སྟེང་དུ་ལྷབ་ལྷུབ་ཏུ་གཡོ་ལ། གནམ་སྔོན་དང་སྤྲིན་དཀར། གངས་རི་བཅས་དང་མཉམ་དུ་ཡུལ་གྱི་མཛེས་ཆོས་སུ་གྱུར། 
【1】  【2】  【3】  【4】  【5】
༄༅༎མཐའ་མཚམས་ཀྱི་གནའ་བོ་གྲོང་སྡེའི་རྣམ་པ་གསར་པ།