འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་28ཉིན།

༄༅༎2019ལོའི་རྒྱལ་ཡོངས་མི་རིགས་ལུས་སྦྱོང་ལུས་རྩལ་ཁྱབ་གདལ་འགྲན་བསྡུར་ཆེ་གྲས་ཡུན་ནན་གྱི་ཁུན་མིང་དུ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་28ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎2019ལོའི་རྒྱལ་ཡོངས་མི་རིགས་ལུས་སྦྱོང་ལུས་རྩལ་ཁྱབ་གདལ་འགྲན་བསྡུར་ཆེ་གྲས་ཡུན་ནན་གྱི་ཁུན་མིང་དུ་སྤེལ་བ།
     ཟླ་11ཚེས་26ཉིན་དང་ཚེས་27ཉིན། 2019ལོའི་རྒྱལ་ཡོངས་མི་རིགས་ལུས་སྦྱོང་ལུས་རྩལ་ཁྱབ་གདལ་འགྲན་བསྡུར་ཡུན་ནན་མི་རིགས་སློབ་ཆེན་དུ་སྤེལ་ཞིང་། རྒྱལ་ཡོངས་ས་ཕྱོགས་ཁག་གི་འཐུས་མི་རུ་ཁག་23གྱི་མི་གྲངས་500ལྷག་ཙམ་འགྲན་བསྡུར་ནང་ཞུགས་པ་རེད།
     དུས་ཚོད་སྐར་མ་4དང་སྐར་ཆ་23གྱི་མི་རིགས་ལུས་སྦྱོང་ལུས་རྩལ་ལ་ཁྱོན་བསྡོམས་དུམ་བུ་5ལ་དབྱེ་ཡོད། དེའི་ནང་བོད་རིགས་དང་། ཡུ་གུར་རིགས། ཆའང་རིགས། ཏའེ་རིགས། ཀྲོང་རིགས་སོགས་མི་རིགས་19ཡི་སྲོལ་རྒྱུན་ལུས་སྦྱོང་བྱེད་སྒོར་མི་རིགས་ཀྱི་ཁྱད་ཆོས་དང་ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ཡོད། 
     འདི་ནི་2019ལོའི་ཟླ་11ཚེས་26ཉིན་འགྲན་ཞུགས་རུ་མིས་འགྲན་བསྡུར་བྱེད་བཞིན་པ།