འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་27ཉིན།

༄༅༎བོད་ལྗོངས་ཀྱིས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་27ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎བོད་ལྗོངས་ཀྱིས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།
     མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་པ་དང་། སྒྱུར་བཅོས་གསར་གཏོད་ཀྱིས་སྒུལ་ཤུགས་སུ་བྱེད་པ། སྤུས་ཚད་ལེགས་སུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་དམ་པོར་དམིགས་པ་བཅས་བྱས་ཏེ་རང་བྱུང་འཐུང་ཆུ་དང་། བོད་ཀྱི་གསོ་བ་རིག་པའི་ལས་རིགས། མི་རིགས་ལག་ཤེས་བཟོ་ལས། ས་མཐོའི་ཁྱད་ལྡན་བཟའ་བཅའི་ལས་རིགས་སོགས་གཙོ་བོར་བྱས་པའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་སྐུལ་འདེད་བཏང་བས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
     པར་རིས་འདི་ནི་བོད་ལྗོངས་བདུད་རྩི་བོད་སྨན་མ་རྐང་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་གི་ཟུར་ཞིག་ཡིན་པ།