འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་27ཉིན།

༄༅༎མཚོ་སྔོན་གྱིས་རིན་གོང་གནས་སྐབས་ཁ་གསབ་སྤྲད་པས་ཡོང་འབབ་དམའ་བའི་ཚོཌ་སྤྱི་ཁྲི་37.87ལ་ཕན་པ་ཐོབ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་27ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་11ཚེས་25ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ནས་ཤེས་རྟོཌ་བྱུང་བར། ཟོག་གོང་འཕར་བ་ལས་ཡོང་འབབ་དམའ་བའི་མང་ཚོཌ་ཀྱི་གཞི་རྩའི་འཚོ་བར་ཤུཌ་རྐྱེན་ཐེབས་ཤུགས་ཆུང་དུ་གཏོང་ཆེད། འདི་ལོའི་ཟླ་8པའི་རྗེས་སུ། མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཚོཌ་རོཌ་སྐྱོབ་དང་འགན་ལེན་ཚད་གཞི་དང་ཟོག་གོང་འཕར་བ་ཟུང་འབྲེལ་གྱི་མཉམ་འགུལ་ལམ་སྲོལ་བཙུཌ་ནས་ཡོང་འབབ་དམའ་བའི་ཚོཌ་སྤྱིར་རིན་གོང་གི་གནས་སྐབས་ཁ་གསབ་སྤྲད་པ་རེད། སྔོན་དཔག་ལྟར་ན། ད་ཐེངས་ཀྱི་རིན་གོང་གནས་སྐབས་ཁ་གསབ་ཟླ་རེར་སྒོར་ཁྲི་1582.08སྤྲད་དེ་ཡོང་འབབ་དམའ་བའི་ཚོཌ་སྤྱི་ཁྲི་37.87ལ་ཕན་པ་ཐོབ་རྒྱུ་ཡིན་པ་རེད།
     “ཟླ་རེ་བཞིན་ཚོད་རྩིས་དང་ཟླ་རེ་བཞིན་སྤྲོད་པའི”རྩ་དོན་གཞིར་བཟུང་། ད་ཐེངས་ཁ་གསབ་སྤྲོད་པའི་ཚད་གཞི་ནི། གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱལ་ཁབ་ཀྱི་དུས་བཀག་གཟིགས་སྐྱོང་ཁ་གསབ་ལོངས་སུ་སྤྱོད་པའི་གཟིགས་སྐྱོང་བྱ་ཡུལ་མི་རེར་ཟླ་རེར་སྒོར་57དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དང་གྲོང་གསེབ་ཀྱི་རྒྱལ་ཁབ་ཀྱི་དུས་བཀག་གཟིཌ་སྐྱོང་ཁ་གསབ་ལོངས་སུ་སྤྱོད་པའི་གཟིགས་སྐྱོང་བྱ་ཡུལ་མི་རེར་ཟླ་རེར་སྒོར་35 ཁ་ཐོར་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་བྱ་ཡུལ་མི་རེར་ཟླ་རེར་སྒོར་85 གཅིག་སྡུད་དམིཌ་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་བྱ་ཡུལ་མི་རེར་ཟླ་རེར་སྒོར94 ལས་ཤོར་འགན་བཅོལ་དངུལ་ལེན་བཞིན་པའི་མི་སྣར་མི་རེར་ཟླ་རེར་སྒོར་132བཅས་ཡིན་པ་རེད།