འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་27ཉིན།

༄༅༎མཚོ་སྔོན་གྱིས་སྙོན་འཛུགས་ཞུ་གཏུག་དང་མ་ཉེས་ཁ་གཡོགས་ཀྱི་དཔེ་མཚོན་གྱོད་དཔེ་ཁག་གཅིག་བརྡ་ཁྱབ་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་27ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་11ཚེས་25ཉིན་གློག་འཕྲིན་འབྱོར་གསལ། དྲང་ཕྱོགས་ལ་སྐུལ་མ་གཏོང་བའི་ནུས་པ་ཆེ་རུ་བཏང་ནས་ལས་བྱེད་པས་ལས་སྒྲུབ་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་སྲུང་སྐྱོང་བྱ་ཆེད། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་སྙོན་འཛུགས་ཞུ་གཏུག་དང་མ་ཉེས་ཁ་གཡོཌ་ཀྱི་དཔེ་མཚོན་གྱོད་དཔེ་ཁག་གཅིག་དང་ཉེས་མིང་དག་སེལ་བྱེད་པའི་དཔེ་མཚོན་གྱོད་དཔེ་2བརྡ་ཁྱབ་བཏང་བ་རེད།
     ཟི་ལིང་སྐུ་འབུམ་རྫོང་ལན་ལུང་ཁོའོ་གྲོང་རྡལ་གྱི་གྲོང་ཚོ་ཞིག་གི་དེ་སྔའི་ཀྲུའུ་རེན་ཧོ་ཆེ་གེ་མོས་སྙོན་འཛུགས་ཞུ་གཏུག་དང་མ་ཉེས་ཁ་གཡོགས་བྱེད་པའི་གནད་དོན་དང་། ཧོ་ཆེ་གེ་མོས་གྲོང་མིའི་ཁྱིམ་གྱི་གྱང་ཐོག་གྲོང་ཚོ་དེའི་ཨུ་ལྷན་གཉིས་ཀྱི་ཁོངས་མིར་དམའ་འབེབས་བྱེད་པའི་སྦྱར་ཡིག་སྦྱར་ནས་གྲོང་ཚོའི་ནང་ཤུགས་རྐྱེན་ངན་པ་བཟོས་པ་དང་། ཞིབ་བཤེར་བྱས་པ་བརྒྱུད་ཚུར་ལན་བྱས་པའི་གནད་དོན་དེ་ནི་ཁུངས་མེད་རྫུན་བཟོ་ཡིན་པས་སྙོན་འཛུགས་ཞུ་གཏུག་དང་མ་ཉེས་ཁ་གཡོགས་ཀྱི་བྱེད་སྤྱོད་གྲུབ་ཡོད་པ་དང་སྤྱི་བདེ་ལས་ཁུངས་ཀྱིས་དེར་སྲིད་འཛིན་བཀག་ཉར་ཉིན་3གྱི་སྲིད་འཛིན་ཁྲིམས་ཆད་བཅད་པ་རེད།
     རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རེབ་གོང་རྫོང་གཉན་ཐོག་ཤང་གི་གྲོང་ཚོ་ཞིག་གི་གྲོང་མི་གདུགས་ཆེ་གེ་མོས་སྙོན་འཛུགས་ཞུ་གཏུག་དང་མ་ཉེས་ཁ་གཡོགས་བྱེད་པའི་གནད་དོན། གདུགས་ཆེ་གེ་མོས་ཏུའུ་ཆེ་གེ་མོར་དངུལ་སྤྲད་དེ་ཀྲོའུ་སྲིད་གཞུང་སོགས་ཚན་པའི་ཕྱི་རོལ་གྱང་ཐོག་སྦྱར་ཡིག་ཆེན་པོ་སྦྱར་ནས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོའི་ཀྲུའུ་རེན་གྱིས་ལས་གྲྭའི་འཛུགས་སྐྲུན་དངུལ་ལྐོག་ཟ་བྱེད་པ་དང་སྒྲིག་འགལ་ངང་ས་ཞིང་བསྡུ་བའི་ཁ་གསབ་དངུལ་སྤྲད་འདུག་ཅེས་སྙོན་བཙུགས་བྱས་པ་རེད། ཞིབ་བཤེར་བྱས་པ་བརྒྱུད་ཚུར་ལན་གནད་དོན་དོན་དངོས་མིན་པ་དང་སྙོན་འཛུགས་ཞུ་གཏུག་དང་མ་ཉེས་ཁ་གཡོགས་ཀྱི་བྱེད་སྤྱོད་ཁོངས་སུ་གཏོགས་པས། སྤྱི་བདེ་ལས་ཁུངས་ཀྱིས་གདུགས་ཆེ་གེ་མོར་སྲིད་འཛིན་བཀག་ཉར་ཉིན་10དང་དངུལ་ཆད་སྒོར་500ཡི་སྲིད་འཛིན་ཁྲིམས་ཆད་བཅད་པ་དང་། ཏུའུ་ཆེ་གེ་མོར་སྲིད་འཛིན་བཀག་ཉར་ཉིན་5ཡི་སྲིད་འཛིན་ཁྲིམས་ཆད་བཅད་པ་རེད།
     གཞན་ཡང་། བརྡ་ཁྱབ་བཏང་བའི་ཉེས་མིང་དག་སེལ་བྱེད་པའི་གྱོད་དཔེ་གཉིས་ནི་མིང་ཧོ་རྫོང་ཀུའུ་ཧྲན་གྲོང་རྡལ་ཀྲེ་ཀུའོ་སློབ་འབྲིང་གི་སློབ་སྤྱི་མ་ཅི་ཧྥང་དང་མན་ཕིང་གྲོང་རྡལ་ལང་ཐང་སློབ་ཆུང་གི་སློབ་སྤྱི་མ་རུ་ཧུའུ་ཡི་ཉེས་མིང་དག་སེལ་བྱེད་པའི་གྱོད་དཔེ་དང་། མགོ་ལོག་བོད་རང་སྐྱོང་ཀྲོའུ་དགའ་བདེ་རྫོང་ཁྱི་འབྲི་ཤང་གི་ཏང་ཨུད་ཧྲུའུ་ཅི་གཞོན་པ་ཤང་ཀྲང་ངག་དབང་གི་ཉེས་མིང་དག་སེལ་བྱེད་པའི་གྱོད་དཔེ་རེད། གྱོད་དཔེ་གཉིས་ཀ་ཚོགས་ཆེན་འཚོགས་ནས་ཞིབ་བཤེར་བྱས་འབྲས་བརྡ་ཁྱབ་བཏང་བ་དང་དོན་དངོས་དང་མི་མཐུན་པའི་ཐེར་འདོན་གོང་ཞུ་དག་སེལ་བྱས་པ་རེད།