འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་26ཉིན།

༄༅།།ཀོང་ཤིས་ཀྱི་ཅིང་ཤིས་ཀྱི་ས་ཡོམ་གྱིས་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་
འཚམ་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་26ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཀོང་ཤིས་ཀྱི་ཅིང་ཤིས་ཀྱི་ས་ཡོམ་གྱིས་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་
འཚམ་བྱས་པ།
     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་25ཉིན་གྱི་ཆུ་ཚོད་9དང་སྐར་མ་18ཐོག ཀོང་ཤིས་ཀྱི་པའེ་སེ་གྲོང་ཁྱེར་དང་ཅིང་ཤིས་གྲོང་ཁྱེར་དུ་ས་ཡོམ་རིམ་པ་5.2བརྒྱབ་པ་དང་། ཡོམ་ཁོངས་ཀྱི་གཏིང་ཚད་སྟོང་མི་10ཡིན་པ་རེད། མིག་སྔའི་བར། ས་ཡོམ་ནང་མི་1རྐྱེན་ལམ་དུ་ཤོར་བ་དང་མི་5ལ་རྨས་སྐྱོན་ཕོག་ཡོད་པ་རེད།  ད་ལྟ་གནོད་འཚེའི་རྗེས་ཀྱི་བཀོད་སྒྲིག་ལས་དོན་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད་པ་རེད། འདི་ནི་ཟླ་11ཚེས་25ཉིན། ཀོང་ཤིས་ཀྱི་ཅིང་ཤིས་གྲོང་ཁྱེར་ཧུའུ་རུའེ་གྲོང་རྡལ་ཧྭ་ལིས་གྲོང་ཚོའི་ནུའུ་དབྱི་ཐུན་གྱི་གནས་སྐབས་བཀོད་སྒྲིག་ཁུལ་ཞིག་ཏུ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱིས་གེགས་སྐྱོབ་དངོས་པོ་ལེན་བཞིན་པ།