འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་26ཉིན།

༄༅༎ཧོ་པེ་ཤང་ཧོའི“སྨན་བཅོས་ཐུན་མོང་སྒྲིག་གཞིས”གྲོང་གསེབ་མང་ཚོགས་ཀྱི་ནད་བསྟེན་དཀའ་བའི་
གནད་དོན་ཐག་གཅོད་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་26ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎ཧོ་པེ་ཤང་ཧོའི“སྨན་བཅོས་ཐུན་མོང་སྒྲིག་གཞིས”གྲོང་གསེབ་མང་ཚོགས་ཀྱི་ནད་བསྟེན་དཀའ་བའི་
གནད་དོན་ཐག་གཅོད་བྱས་པ།
     ཉེ་བའི་ལོ་ཤས་རིང་། ཧོ་པེ་ཞིང་ཆེན་ཤང་ཧོ་རྫོང་གིས་གྲོང་གསེབ་གཞི་གཅིག་ཅན་གྱི་དོ་དམ་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས། རྫོང་རིམ་པའི་སྨན་ཁང་སྣེ་འདྲེན་དང་གྲོང་རྡལ་འཕྲོད་བསྟེན་ཁང་ལྟེ་བར་བྱས་པའི་གཞི་གཅིག་ཅན་གྱི་དོ་དམ་སྨན་བཅོས་ཐུན་མོང་སྒྲིག་གཞི་ཧུར་ཐག་བཙུགས་པ་རེད། རྫོང་མི་དམངས་སྨན་ཁང་དང་རྫོང་ཀྲུང་ལུགས་སྨན་ཁང་གི་སྨན་བཅོས་ཐོན་ཁུངས་ཤང་དང་གྲོང་རྡལ་ལ་ཕྱོགས་པས། སྨན་བཅོས་ཐོན་ཁུངས་སྤུས་ལེགས་གཤམ་འོག་ཏུ་སྤྱོད་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པ་དང་། མང་ཚོགས་ཀྱིས་ནད་ལྟ་བར་སྟབས་བདེ་བསྐྲུན་པས་གཞི་རིམ་སྨན་བཅོས་སྒྱུར་བཅོས་ལ“ཕྱོགས་མང་གཉིས་ཕན”གྱི་ལམ་བུ་གསར་པ་འཚོལ་ཞིབ་ཐུབ་ཅིང་། འདི་ནི་ཤང་ཧོ་རྫོང་མི་དམངས་སྨན་ཁང་གི་སྨན་པས་ཆུས་ཁའོ་ལྟེ་བའི་འཕྲོད་བསྟེན་ཁང་གིས་བསྐུར་བའི་སྙིང་པར་རླབས་རིས་ལ་དབྱེ་ཞིབ་བྱེད་བཞིན་པ།