འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་22ཉིན།

༄༅།།“ཤང་ཀང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་གཞིའི”ཐད་ལ་ཝང་དབྱིས་
འདི་ལྟར་གསུངས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་22ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་21ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱིས་པེ་ཅིང་དུ་ཨ་རིའི་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་ཁོ་ཨེན་དང་འཕྲད་དུས། ཨ་རིའི་རྒྱལ་ཚོགས་ཀྱིས་“ཤང་ཀང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་གཞི”ཐད་ཀྲུང་གོའི་ལངས་ཕྱོགས་ནན་མོ་བསྟན་ཡོད།
     ཝང་དབྱི་ཡིས། “འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་གཞི”ཟེར་བ་འདི་ནི་རྒྱལ་ཁབ་གཅིག་གི་རྒྱལ་ནང་གི་བཅའ་ཁྲིམས་ཀྱིས་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་བྱ་རྒྱུ་དམིགས་པ་ལས། དམངས་གཙོ་ཟེར་བ་ཇི་ལྟར་གླེང་། ཤང་ཀང་གི་ཁྲིམས་འགལ་དྲག་སྤྱོད་ཀྱིས་བཟོས་པའི་གཏོར་བརླག་སྣང་མེད་བཞག་ནས། འགྲོ་བ་མིའི་ཐོབ་ཐང་ཟེར་བ་ཇི་ལྟར་གླེང་། ཁྲིམས་གཞི་འདི་ཡིས་དོན་དངོས་ཐོག་དྲག་སྤྱོད་པར་གུ་ཡངས་བཏང་བའི་ནོར་འཁྲུལ་གྱི་བརྡ་རྟགས་བཏང་བ་དང་། དེའི་ངོ་བོ་ནི་ཤང་ཀང་དུ་ཟིང་འཁྲུག་ལངས་རྒྱུ། ཐ་ན་ཤང་ཀང་གཏོར་བཤིག་གཏོང་རྒྱུ་དེ་རེད། འདི་ནི་ཀྲུང་གོའི་ནང་སྲིད་ལ་མངོན་སུམ་འཛེམ་མེད་ཀྱིས་ཇུས་གཏོགས་བྱས་པ་དང་། རྒྱ་ཆེ་བའི་ཤང་ཀང་གི་སྤུན་ཟླའི་ཐུན་མོང་དང་རྩ་བའི་ཁེ་ཕན་ལ་གཏོར་བརླག་ཚབས་ཆེན་བཏང་བས། ཀྲུང་གོས་དེའི་ཐད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། ང་ཚོས་ཤང་ཀང་གི་དར་རྒྱས་བརྟན་བརླིང་ཐད་གཏོར་བརླག་གང་ཡང་གཏོང་འཇུག་རྒྱུ་མིན་ལ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”གཏོར་བཤིག་གཏོང་བའི་བསམ་པ་འགྲུབ་འཇུག་རྒྱུ་མིན་ཞེས་བསྟན།