འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་22ཉིན།

༄༅།།ཐེ་རོམ་ཕུའི་ཉེས་འདོན་བརྟག་དཔྱད་གྱི་དཔང་མི་གལ་ཆེན་རྒྱལ་ཚོགས་སུ་ཡོང་ནས་བདེན་
དཔང་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་22ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཐེ་རོམ་ཕུའི་ཉེས་འདོན་བརྟག་དཔྱད་གྱི་དཔང་མི་གལ་ཆེན་རྒྱལ་ཚོགས་སུ་ཡོང་ནས་བདེན་
དཔང་བྱས་པ།
    མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་20ཉིན། ཨ་རིའི་ཝ་ཧྲིང་ཐོན་དུ། ཡོ་རོབ་མནའ་འབྲེལ་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་བ་ཀེ་ཏན་སངས་ཏེ་ལན་གྱིས་ཙུང་ཐུང་ཐེ་རོམ་ཕུའི་ཉེས་འདོན་བརྟག་དཔྱད་ལ་ཡོངས་བསྒྲགས་ངང་དཔང་ཚིག་མཁོ་འདོན་བྱེད་བཞིན་པ།  ཡོ་རོབ་མནའ་འབྲེལ་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་བ་ཀེ་ཏན་སངས་ཏེ་ལན་གྱིས་ཚེས་20ཉིན་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་གསང་འཕྲིན་ཨུ་ཡོན་ལྷན་ཁང་དུ་ཡོང་ནས་ཙུང་ཐུང་ཐེ་རོམ་ཕུའི་ཉེས་འདོན་བརྟག་དཔྱད་ལ་དམིགས་ཏེ་ཡོངས་བསྒྲགས་ངང་དཔང་ཚིག་མཁོ་འདོན་བྱས་པ་རེད། སངས་ཏེ་ལན་ནི་ཐེ་རོམ་ཕུ་སྲིད་གཞུང་གི་ཡུག་རེན་ལས་དོན་གྱི་མི་སྣ་གཙོ་བོ་ཞིག་ཡིན་པ་དང་། ཨ་རིའི་གླེང་ཕྱོགས་ཀྱིས་ཡོངས་ཁྱབ་ངང་ཁོང་ནི་མིག་སྔའི་ཉེས་འདོན་བརྟག་དཔྱད་ཀྱི་དཔང་མི་གལ་ཆེན་གྱི་གྲས་ཤིག་ལ་རྩི་བ་དང་། ཁོང་གིས་བདེན་དཔང་བྱེད་པར་དོ་ཁུར་ཆེན་པོ་ཐོབ་པའི་ངོས་འཛིན་བྱེད་ཀྱི་ཡོད།