འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་22ཉིན།

༄༅།།ཚོང་དོན་པུས་ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་ཚོགས་པས་མུ་མཐུད་
འབྲེལ་བ་དམ་ཟབ་བྱ་རྒྱུ་ཡིན་པ་བསྟན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་22ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཚོང་དོན་པུས་ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་ཚོགས་པས་མུ་མཐུད་
འབྲེལ་བ་དམ་ཟབ་བྱ་རྒྱུ་ཡིན་པ་བསྟན་པ།
    མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་22ཉིན། ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཀའོ་ཧྥུང་གིས་། ཟླ་11ཚེས་16ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་དང་ཨ་རི་ཁྱོན་ཡོངས་ནས་དཔལ་འབྱོར་ཚོང་དོན་ཐད་སྐད་ཆ་ཤོད་རེས་བྱེད་པའི་ཀྲུང་གོ་ཕྱོགས་ཀྱི་སྣེ་ཁྲིད་པ་ལེའུ་ཧའོ་ཡིས་ཁ་ཆད་ལྟར་ཨ་རིའི་དཔལ་འབྱོར་ཚོང་དོན་གྱི་འཐུས་ཚབ་ལེ་ཐེ་ཤིས་ཙེ་དང་། ནོར་སྲིད་པུའི་པུའུ་ཀྲང་མུའུ་ནུའུ་ཆེ་གཉིས་དང་ཁ་པར་བཏང་རེས་གནང་བ་རེད། ཕྱོགས་གཉིས་ཀྱིས་དུས་རིམ་དང་པོའི་གྲོས་མཐུན་གྱི་རང་སོ་སོའི་དོ་ཁུར་གཙོ་བོར་གཞིགས་ནས་དགེ་མཚན་ལྡན་པའི་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་ཚོགས་པས་མུ་མཐུད་འབྲེལ་བ་དམ་ཟབ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     ཀའོ་ཧྥུང་གིས་ཚོང་དོན་པུས་དེ་ཉིན་སྤེལ་བའི་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག གྲོས་མཐུན་གྲོས་མོལ་གྱི་ཞིབ་ཕྲའི་ཐད་། མིག་སྔར་ཆ་འཕྲིན་དེ་བས་མང་བ་ཕྱིར་འདོན་ཡས་མེད་པ་དང་། ཡིན་ནའང་། ཕྱིར་ཁྱབ་པའི་གདལ་གཏམ་དེ་དག་བདེན་པ་མིན།  ཀྲུང་གོ་དང་ཨ་རི་ཕྱོགས་ཀྱིས་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་ཐུན་མོང་ངང་འབད་བརྩོན་བྱས་ཏེ་ཕན་ཚུན་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་འོས་འཚམ་བྱེད་པ་དང་། དུས་རིམ་དང་པོའི་གྲོས་མཐུན་ལ་གྲོས་འཆམ་ཡོང་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན། འདི་ནི་ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་ཀྱི་ཐུན་མོང་ཁེ་ཕན་དང་མཐུན་ལ། འཛམ་གླིང་ཡོངས་ཀྱི་ཁེ་ཕན་དང་ཡང་མཐུན་ཡོད་ཅེས་བརྗོད་པ་རེད།