འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་22ཉིན།

༄༅།།སུའུ་པིང་ཐེན་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་ལུས་རྩལ་པའི་
ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་22ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས(དེ་སྔའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས)ཀྱིས་ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་མཐུན་ཚོགས་ལ་འཕྲིན་ཡིག་བསྐུར་ནས་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་གྱི་ལས་འཛིན་ལྷན་ཚོགས་ཀྱིས་ལུས་རྩལ་པ་6འཛམ་གླིང་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་ལུས་རྩལ་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་དངོས་སུ་བསྐོ་གཞག་བྱས་པ་དང་ཀྲུང་གོའི་ཐུང་རྒྱུག་ལུས་རྩལ་པ་སུའུ་པིང་ཐེན་དེའི་ནང་ཚུད་ཡོད་ཅེས་བརྗོད་པ་རེད།
     འདི་ལོ་ལོ་30ལ་སླེབས་པའི་སུའུ་པིང་ཐེན་ནི་ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་གྱི་སྣེ་འཁྲིད་མི་སྣ་ཡིན་པ་དང་ན་ནིང་ཟླ་6པར་ཁོང་གིས་སི་ཕེན་གྱི་མ་ཏེ་རིའི་འགྲན་བསྡུར་ནང་སྐར་ཆ་9.91གི་ཐོག་ནས་སྐྱེས་པའི་སྨི་100ཡི་ཨེ་ཤེ་ཡའི་ཟིན་ཐོ་དང་སྙོམས་ཐུབ་པ་རེད།
     བདམས་ཐོན་བྱུང་རྗེས་སུའུ་པིང་ཐེན་གྱིས་མི་སྒེར་གྱི་དཔོད་ཆུང་བརྒྱུད་རང་ཉིད་ཀྱིས་ཐོབ་པར་དཀའ་བའི་གོ་སྐབས་དེར་གཅེས་སྤྲས་ལྡབ་བརྒྱ་བྱེད་པ་དང་ལུས་རྩལ་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་འཁྲི་ཡག་པོ་འཁུར་ཏེ་རྒྱ་ཆེའི་ལུས་རྩལ་པ་ཚོའི་ཆེད་ནུས་ཤུགས་འདོན་རྒྱུ་ཡིན་ཞེས་བཤད་པ་རེད།